ལ་དོམ་༢ སྲོག་སྐྱབས་ཐོག་ ལོག་ཚལ་མ་ནང་བཏང་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༣ ལུ་ རང་བཞིན་ཉམས་སྲུང་སྡེ་ཚན་གྱི་ རི་དྭགས་སྲོག་སྐྱབས་དང་ སེམས་ཅན་འཕྲོད་བསྟེན་ལས་ཚན་གྱིས་ ལ་དོམ་ཕོ་༢ སྲོག་སྐྱབས་འབད་ནུག།
ནགས་ཚལ་གཙོ་འཛིན་འགོ་དཔོན་འོགམ་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ དོམ་༢ ཀྱི་གྲས་ལས་༡ སྤ་རོ་ལིན་ཆེན་སྡིངས་ལུ་ ཨེ་པཱལ་ལྡུམ་རའི་ སྦོ་ལོགས་ཁར་དང་ གཞན་མི་དེ་ ཐིམ་ཕུག་བདེ་ཆེན་ཆོས་གླིང་དགོན་པ་ལུ་ སྤྱི་ཟླ་༩ པའི་ཚེས་༢ དང་༣ ལུ་ ཉིན་མའི་ཆུ་ཚོད་༡༢.༣༠ དང་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ ཧིང་བཀལ་བཞག་མི་ཚུ་ནང་ ཚུད་དེ་ཡོདཔ་ མཐོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཀེ་ཇི་༡༤༠ དང་༡༤༣ འབད་མི་ ལ་དོམ་དེ་གཉིས་ སྤྱི་ཟླ་༩ པའི་ཚེས་༣ ལུ་ སྲོག་སྐྱབས་འབད་བའི་ཤུལ་ལུ་ བཏང་ཡི་ཟེར་ཨིནམ་ད་ དུས་ཅིའི་ལོ་ནང་ར་ དོམ་༥ སྲོག་སྐྱབས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ལས་ ཁ་ཙ་ཚུན་ དོམ་༦༨ སྲོག་སྐྱབས་འབད་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ མི་དང་དོམ་གྱི་ བྲེལ་ཟིང་དེ་ དངུལ་ཐོག་ཨེ་པཱལ་གྱི་ དུས་ཚོད་སྐབས་ མངམ་ཐོནམ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *