རྫོང་ཁག་ཁྲིམས་འདུན་ཚུ་གིས་ བཙག་འཐུའི་ཡིག་ཚང་དོན་ལུ་ ས་གོ་མཉམ་སྤྱོད་འབད་ནི།

༉ ཁ་ཙ་ མངོན་མཐོ་ཁྲིམས་འདུན་གྱིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ཟླ་༡༠ པའི་ཚེས་༡༣ ལས་ འགོ་བཙུགས་ རྫོང་ཁག་ཁྲིམས་འདུན་ཚུ་གིས་ རྫོང་ཁག་བཙག་འཐུ་ཡིག་ཚང་གི་དོན་ལུ་ ས་གོ་མཉམ་སྤྱོད་འབད་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ མི་དབང་རྒྱལ་བཙུན་ཁབ་ཏུ་བཞེས་ཏེ་ ལོ་༡༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ས་གོ་མཉམ་སྤྱོད་འབད་ནི་ཨིན་མི་དེ་གིས་ གཞུང་གི་མཐུན་རྐྱེན་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགས་པའི་ཁར་ དེ་གིས་ བཙག་འཐུ་ལྷན་ཚོགས་ལུ་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་བའི་འགན་ཁུར་ཚུ་ མཐིལ་ཕྱིན་འབག་ཚུགས་པའི་ཁར་ གཅིག་མཐུན་དང་ བློ་གཏད་ གཅིག་སྒྲིལ་ ཐོག་ལས་ ལག་ལེན་འཐབ་ཚུགས་ཟེར་ བཀོད་དེ་འདུག།

བཙག་འཐུ་ལྷན་ཚོགས་དང་ དྲང་ཁྲིམས་ལྷན་སྡེ་༢ རྩ་ཁྲིམས་དང་འཁྲིལ་བའི་ གསང་བའི་འགན་ཁུར་ སོ་སོར་ཡོདཔ་ལས་ དམངས་གཙོའི་རིང་ལུགས་ སྒྲིང་སྒྲི་བཟོ་ཐབས་ལུ་ བཙག་འཐུ་ལྷན་ཚོགས་དེ་ གཙོ་བོ་ཅིག་ཨིན་པའི་ཁར་ གཙུག་སྡེ་༢ ཀྱིས་དུས་ཨ་རྟག་ར་ འགན་ཁུར་དང་ཁྱད་རིག་ཐོག་ལས་ ལཱ་འབད་དགོ་ཟེར་བཀོད་ནུག།

གཙུག་སྡེ་ཚུ་གིས་ རྒྱལ་ཁམས་ལུ་ ཟད་འགྲོ་ཐེབས་མ་ཕོགཔ་སྦེ་ སྤྱོད་ཐབས་ལུ་ མཐུན་རྐྱེན་ཡོད་མི་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་དགོ་པའི་ཁར་ དྲང་ཁྲིམས་ལྷན་སྡེ་ཡང་ གཞན་གཙུག་སྡེ་ཚུ་བཟུམ་སྦེ་ རྒྱལ་ཡོངས་ཀྱི་མཐུན་རྐྱེན་ ཚད་ཅིག་ ལས་མེད་མི་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནིའི་འགན་ཁུར་ ཕོག་སྟེ་ཡོད་པའི་ཁར་ དམངས་གཙོའི་རིང་ལུགས་ སྒྲིང་ སྒྲིང་བཟོ་ནིའི་འགན་ཁུར་ཡང་ ཡོད་ཟེར་ཨིན་པས།

འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ལས་མེདཔ་ལས་ གཙུག་སྡེ་ཚུ་གིས་ སོ་སོར་སྦེ་ ལཱ་འབད་ནི་དེ་ ལེགས་ཤོམ་ཅིག་མེནམ་ལས་ རྒྱལ་ཡོངས་ཀྱི་ དམིགས་དོན་འགྲུབ་ཐབས་ལུ་ གཙུག་སྡེ་སོ་སོར་དང་ མི་ཚུ་གིས་ མཐུན་ལམ་ཐོག་ལས་ ལཱ་འབད་དགོ་ཟེར་ཨིན་པས།

ད་ལྟོའི་ དུས་ཚོད་ནང་ རྒྱལ་ཡོངས་ཀྱི་མཐུན་རྐྱེན་ ཚད་ཅིག་ལས་མེད་མི་ཚུ་ དམིགས་བསལ་གྱི་ ཐབས་ལམ་བཏོན་ཐོག་ ལས་ ལག་ལེན་འཐབ་ནི་དེ་ ད་ལྟོ་ འོས་ལྡན་ཨིན་ཟེར་ཨིན་པས།

མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཁབ་རང་བཙན་དང་ གཅིག་མཐུན་ དེ་ལས་ མཐུན་ཏོག་ཏོ་སྦེ་ བཞག་དགོ་པའི་ དགོངས་བཞེད་ཡོད་མི་དེ་ འགྲུབ་ཐབས་ལུ་ ཐབས་ལམ་གཅིག་ ད་ལྟོའི་ཐབས་ཤེས་དེ་ ལེགས་ཤོམ་ཅིག་སྦེ་ མཐོང་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་དེ་འདུག།

མི་དབང་མཆོག་གིས་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཚུ་ ཕུན་སུམ་ཚོགས་ཏོག་ཏོ་དང་ གཙུག་སྡེ་སོ་སོར་གྱི་བར་ན་ཡང་ མཐུན་ ལམ་དང་ གཅིག་མཐུན་ཐོག་ གནས་དགོ་པའི་ ཐུགས་ཀྱི་དགོངས་བཞེད་ཡོད་མི་དེ་ཡང་ འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *