རྩོད་གཞིའི་ རྒྱབ་ཁུངས་ཐད་ཁར་ བདེན་པ་མེད་པའི་ར་ཁུངས།

༉ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ འགྲམ་ཕུག་སློབ་གྲྭ་ལྟེ་བའི་ སློབ་གྲྭའི་ཐབ་ཚང་པ་གིས་ ཉེས་འཛུགས་འབད་མིའི་ བརྒལ་ལན་དེ་ ཐབ་ཚང་པའི་ངོ་ཚབ་ བཱལ་བྷ་དུར་ སུ་བྷ་གིས་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ བརྒལ་ལན་བཙུགས་པའི་སྐབས་ དབུ་འཛིན་གྱིས་ རྩོད་གཞིའི་རྒྱབ་ཁུངས་ལུ་ བདེན་པ་མེད་པའི་ ར་ཁུངས་ཚུ་སྐྱེལ་ཏེ་ དུས་ཚོད་འཕྲོ་བརླག་བཏང་པའི་ གཞི་ཅིག་ཨིནམ་ལས་ དེའི་ལན་ ལོགས་སུ་རྐྱབ་དགོཔ་མིན་འདུག་ཟེར་ བཀོད་ནུག།

དབུ་འཛིན་ཟླ་བ་ཚེ་རིང་གིས་འབད་བ་ཅིན་ ཐབ་ཚང་པ་ ཧར་ཀ་བྷ་དུར་ སུ་བྷ་དེ་ ལོག་རྒྱལ་ཁབ་ནང་ལྷོད་དེ་ ཕམ་སྤུན་ཆ་ཚུ་ལུ་ རྩིས་སྤྲོད་འབདཝ་ད་ ངོས་ལེན་ལེགས་ཤོམ་མིན་འདུག་ཟེར་ སླབ་མི་དེ་ ཁོང་མ་སྨད་ཚུ་གིས་ རྩིས་ལེན་པའི་སྐབས་ ཁྲིམས་མཐུན་ཐོག་ལས་མེན་པར་ དབང་བཙོང་གི་ཐོག་ལས་ རྩིས་སྤྲོད་དེས་ཟེར་མི་དེ་ཡང་ ཕོ་རྒནམ་ལོག་ལྷོདཔ་ད་ གཟུགས་ཁར་ ཁྲག་བཏོན་རྨ་བཏོན་ཚུ་ ལེ་ཤ་ཡོདཔ་མ་ཚད་ རྩིས་ལེན་པའི་ནམ་དུས་ལུ་ཡང་ འགྲུལ་འཕྲིན་མོ་བཱ་ཡེལ་ སུ་ཡིཆ་ཨོཕ་རྐྱབ་ཐོག་ལས་ ཨུ་ཚུགས་བསྐྱེད་དེ་སྤྲོདཔ་མས་ཟེར་ཨིན་པས།

དེ་བཟུམ་འབད་བའི་སྐབས་ གཞུང་གི་ སྐུ་མིན་སྐུ་ཚབ་དང་ གསུང་མིན་གསུང་ཚབ་གི་ཁ་ཐུག་ལས་ ནད་པའི་མི་ ཁྲིམས་མཐུན་གྱི་ ཐོག་ལས་ རྩིས་སྤྲོད་འབད་ནི་མེན་པར་ གསང་བའི་ཐོག་ལས་འབདཝ་ད་ དབང་བཙོང་བཟུམ་ ཨིན་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ སྨན་བཅོས་འབད་ནིའི་དོན་ལུ་ ཁོང་ར་ ནང་དོགས་གྲོས་བསྟུན་འབད་ཡི་ཟེར་ སླབ་མི་དེ་ཡང་ དེ་སྦེ་གྲོས་བསྟུན་རྐྱངམ་གཅིག་འབད་ནི་མེན་པར་ ཁོང་ལུ་སླབ་པ་ཅིན་ དེ་དང་བསྟུན་པའི་ ངོས་ལེན་ཚུ་འབད་འབདཝ་འོང་ཟེར་ཨིནམ་ད་ ད་ལྟོ་ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་དགོ་པའི་ གནད་དོན་ཡང་ དེ་ལུ་བརྟེན་ཨིན་ཟེར་ཨིན་པས།

དབུ་འཛིན་གྱིས་ ཧར་ཀ་བྷ་དུར་ལུ་ ཡིག་ཚང་ནང་ འཛུལ་དགོཔ་སྦེ་ ངེས་བདེན་སླབ་རུང་ ཡི་གུ་དང་འཁྲིལ་ཏེ་ ཁོ་ཁྱིད་འགྱོ་བའི་སྐབས་ དབུ་འཛིན་གྱི་ ཡིག་ཚང་སྒོ་ཁར་ དུས་ཡུན་ཆུ་ཚོད་༤ བསྒུགས་བཞག་པའི་ཤུལ་ལུ་ ཡིག་ཚང་ནང་ལས་ འགྱོ་བའི་སྐབས་ ཁོང་ལུ་ ཁ་ཡང་སླབ་མ་བཏུབ་པར་ ཡིག་ཚང་ནང་ལས་ སོང་ཞིནམ་ལས་ ལོག་འོང་མ་བཏུབཔ་ད་ ད་རེས་འབད་བའི་བསྒང་ལས་ ཁོང་ལུ་ རྫུན་ཁ་བཀལཝ་མས་ཟེར་ཨིན་པས།

དེ་ལས་ བྱང་སྟོར་ཤོར་བའི་སྐབས་ ཁོ་ལུ་ ཏི་རུ་ཤི་ཀི་ལེབ་གཅིག་ཡང་ མེད་དེ་འབད་རུང་ ལོག་རྩིས་སྤྲོད་འབད་བའི་སྐབས་ བེང་ཀོག་གི་ཏི་རུ་ འདུག་ཟེར་མི་དེ་ ནདཔ་ཁོ་ར་ དྲན་པ་མེདཔ་ལས་ ཡང་ཅིན་ ཁོང་གིས་སྦེ་ སྤྲོད་དེ་བཞག་བཞགཔ་འོང་ཟེར་ འཁོད་དེ་འདུག།

དེ་བཟུམ་སྦེ་ ཁོ་གི་ཕོ་རྒནམ་ ལཱ་འབད་སྡོད་པའི་སྐབས་ དབུ་འཛིན་འོང་སྟེ་ ལཱ་འབད་མི་དགོ་ཟེར་ སླབ་ཡོདཔ་མ་ཚད་ དབུ་འཛིན་འབད་སར་སོང་ཟེར་ སླབ་མི་ཚུ་ མི་ཉམ་ཆུང་ལུ་ བརྡབ་གསིག་རྐྱབ་རྐྱབ་ཨིན་ཟེར་ཨིན་པས།

དེ་མ་ཚད་ ཧར་ཀ་བྷ་དུར་ ལོག་བེང་ཀོག་ལས་ལྷོད་དེ་ འགྲམ་ཕུག་སྨན་ཁང་ནང་ སྨན་བཅོས་འབད་ཡོདཔ་ ག་ར་གིས་ ཤེས་ས་དང་མཐོང་ས་ཨིནམ་ལས་ ཁོ་ལུ་ གནང་བ་མེད་ཟེར་མི་དེ་ ཧམ་བཤད་ཨིནམ་ལས་ ཁྲིམས་ཀྱི་ཁ་ཐུག་ལས་ དབྱེ་བ་མཐིལ་ཕྱིན་སྦེ་ གནང་དགོ་པའི་ ཞུ་བ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *