རྩིས་ལོ་༢༠༢༠ དང་༢༠༢༡ ལུ་ ཕྱིའི་སྐྱིན་འགྲུལ་ ཕོ་ཚོད་དཔག་མི་ལས་ བརྒྱ་ཆ་༧༡ གི་རྩིས་ཨིནམ།

༉ དངུལ་རྩིས་ལྷན་ཁག་གི་ རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ཀྱིས་ རྩིས་ལོ་༢༠༢༠ དང་༢༠༢༡ ལོའི་ ལོ་མཇུག་ཟླཝ་༣ གྱི་ སྙན་ཞུ་གསལ་སྟོན་འབད་མི་དང་འཁྲིལཝ་ད་ དུས་ཚོད་དེ་ནང་ ཕྱི་ལས་སྐྱིན་འགྲུལ་ལེན་མི་དེ་ ཕོ་ཚོད་དཔག་མི་ལས་ བརྒྱ་ཆ་༧༡ གི་རྩིས་ཨིན་པས།

རྩིས་ལོ་དེ་གི་ སྔ་ཆའི་ཟླཝ་༩ ནང་ སྐྱིན་འགྲུལ་ལེན་མི་དེ་ ཡོངས་བསྡོམས་མ་དངུལ་ལས་ བརྒྱ་ཆ་༥༥ གི་རྩིས་ཨིནམ་ད་ རྩིས་ལོ་མཇུག་བསྡུཝ་ད་ ཕྱིའི་སྐྱིན་འགྲུལ་དེ་ ཕོ་ཚད་དཔག་མི་ལས་ བརྒྱ་ཆ་༡༢༦ དེ་ཅིག་ ཐོན་ཡོདཔ་ཨིན་པས།

རྩིས་ལོ་དེ་ནང་ ཕྱི་ལས་བསྐྱི་མི་དེ་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༢,༨༨༤.༣༡༡ ལུ་ གནས་མི་དེ་ཡང་ ལས་རིམ་དང་ མཉམ་འབྲེལ་གྱི་ ལས་འགུལ་ཚུ་གི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ འཛམ་གླིང་དངུལ་ཁང་ དེ་ལས་ ཨའི་ཨེཕ་ཨེ་ཌི་ཚུ་གིས་ གྲོགས་རམ་འབད་མི་ཨིན་པས།

གཞུང་གིས་ ནང་འཁོད་ལས་བསྐྱི་མི་དེ་ དུས་ཚོད་དེ་ནང་ དངུལ་ཀྲམ་ས་ཡ་༥,༠༠༠ ལུ་ གནས་མི་ལས་ དངུལ་ཀྲམ་ས་ཡ་ ༣༠,༥༠༠ གཞུང་ལུ་ དངུལ་ཀྲམ་ས་ཡ་༢༢,༥༠༠ ཆད་ཐོན་མི་དེ་གི་དོན་ལུ་ ལག་ལེན་འཐབ་ཡོདཔ་ཨིན་པས།

ལོ་མཇུག་བསྡུཝ་ད་ གཞུང་གི་རྩིས་ དངུལ་ཀྲམ་ས་ཡ་༡༣,༠༠༠ ལུ་ལྷོད་མི་དེ་ ལོ་འགོ་བཙུགས་ཁམས་ཀྱི་ རྩིས་དང་ཕྱདཔ་ ད་ བརྒྱ་ཆ་༣༨ ཀྱིས་ མཐོ་སུ་ཨིན་པས།

མ་དངུལ་དེ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་དོན་ལུ་ དངུལ་ཀྲམ་ས་ཡ་༢༧༦༢.༡༠༨ བྱིན་ཡོདཔ་ད་ སྤྱིར་བཏང་གསོག་འཇོག་ ནང་ལས་ དངུལ་ཀྲམ་ས་ཡ་༢༡༦༤.༧༥༡ བྱིན་ཡོདཔ་ད་ ད་རུང་ དངུལ་ཀྲམ་ས་ཡ་༥༩༧.༣༥༧ ཕྱིའི་གྲོགས་རམ་ལེན་མི་ནང་ལས་ བཏང་ཡོདཔ་ཨིན་པས།

ནད་ཡམས་སྔོན་འགོག་དོན་ལུ་ མ་དངུལ་གྱི་ གྲོགས་རམ་འབད་བ་གིས་མ་ཚད་ ནད་ཡམས་ཀྱིས་ ཐད་ཀར་དུ་ ཐོ་ཕོག་མི་ཚུ་ལུ་ གྲོགས་རམ་འབད་ཐབས་ལུ་ གཞུང་གིས་ དངུལ་གྱི་གྲོགས་རམ་ཚུ་ བྱིན་ཏེ་ཡོདཔ་ཨིན་པས།

ཨིན་རུང་ རྩིས་ལོ་དེ་ནང་ གནང་སྦྱིན་ཚུ་ ཕྱིར་བཏོན་འབད་ཡོདཔ་ལས་ རྩིས་ཆད་དེ་ ནང་འཁོད་འོང་འབབ་ལས་ ཧེ་མ་ བརྒྱ་ཆ་༧.༣༦ ཡོད་མི་ལས་ བརྒྱ་ཆ་༧.༠༨ ལུ་ བབས་ཡོདཔ་ཨིན་པས།

ལས་སྡེ་ཚུ་ལུ་ ནད་ཡམས་ལུ་བརྟེན་ གདོང་ལེན་ཚུ་བྱུང་རུང་ འཆར་དངུལ་ལག་ལེན་འཐབ་མིའི་ བརྒྱ་ཆ་༨༣ ལུ་ གནས་མི་དེ་ ལེགས་བསྟོད་རུང་བའི་ གྲུབ་འབྲས་ཅིག་ཡང་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *