ཚོགས་རྒྱན་བཙུགས་ནིའི་དོན་ལུ་ སྒུག་སྡོད་མི་ སྒོ་སེར་གླིང་རྒེད་འོག་གི་ ཨམ་སྲུ་ཚུ།

རྩི་རང་ལུ་ རྒེད་འོག་༤ གི་གདམ་ངོ་ བཙག་འཐུ་འབད་ཡོདཔ།

༉ སྐྱེས་ལོ་༣༤ ལང་མི་ སངས་རྒྱས་ཏ་མང་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༩༠ ཐོབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ སྒོ་སེར་གླིང་རྒེད་འོག་ནང་ལས་ དོ་འགྲན་འབད་ནི་ཨིན་པས།

ཁོ་གི་དོ་འགྲན་པ་ སྐྱེས་ལོ་༣༠ ལང་མི་ རཱམ་ཀུ་མར་ ནིའོ་པ་ནི་གིས་ ཚོགས་རྒྱན་བསྡོམས་༢༤༧ ཐོབ་ཡོདཔ་ཨིན་པས།

རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༢༣༣༩ ཡོད་ས་ལས་ སྤྱི་ཟླ་༣ པའི་ཚེས་༣ ལུ་ འགོ་འདྲེན་འཐབ་མི་ རྒེད་འོག་གི་ གདམ་ངོའི་འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༥༣༧ འཛོམས་ཡོདཔ་ཨིན་པས།

རྩི་རང་སྟོད་རྒེད་འོག་ནང་འབད་བ་ཅིན་ སྐྱེས་ལོ་༣༡ ལང་མི་ དཱན་ཀུ་མར་ སཱན་ཝར་གྱིས་ རྒེད་འོག་ནང་ལས་ ཚོགས་རྒྱན་བསྡོམས་༡༨༤ ཐོབ་སྟེ་ ཚོགས་སྡེའི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ་ད་ སྐྱེས་ལོ་༣༢ ལང་མི་ སངས་རྒྱས་ཏ་མང་གིས་ ཚོགས་རྒྱན་༡༦༦ ཐོབ་ནུག།

རྩི་རང་སྟོད་རྒེད་འོག་ནང་ ཐོ་བཀོད་ཅན་གྱི་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༡༧༢༦ ཡོད་རུང་ གདམ་ངོའི་འཛོམས་འདུ་ནང་ ཚོགས་རྒྱན་བཙུགས་མི་༣༥༠ རྐྱངམ་གཅིག་འཛོམས་ཡོདཔ་ད་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་ཚུ་ཡང་ ཉིན་མའི་ཆུ་ཚོད་༣ ཚུན་ཚོད་ སྒོ་ཕྱེས་བཞག་ནུག།

དེ་ལས་ རང་འཐག་གླིང་རྒེད་འོག་ནང་ལས་ སྐྱེས་ལོ་༥༦ ལང་མི་ ཉིམ་ཀརྨ་ཤེར་པ་གིས་ ཚོགས་རྒྱན་དགོ་༣༥༨ དང་ མི་དགོ་༧༥ ཐོབ་སྟེ་ བཙག་འཐུ་གྲུབ་ཡོདཔ་ད་ རྒེད་འོག་ནང་ ཐོ་བཀོད་དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་མི་༡,༨༣༧ ཡོདཔ་ཨིན་པས།

དེ་བཟུམ་སྦེ་ དཀྱིལ་འཁོར་ཐང་ རྒེད་འོག་ནང་འབད་བ་ཅིན་ སྐྱེས་ལོ་༣༠ ལང་མི་ མིག་དམར་རྡོ་རྗེ་བླ་མ་གིས་ དགོ་དང་ མི་དགོའི་ཚོགས་རྒྱན་ནང་ དགོ་༢༨༣ དང་ མི་དགོ་༤༢ ཐོབ་སྟེ་ རྒེད་འོག་གི་ ཚོགས་སྡེའི་འདེམས་ངོ་སྦེ་ བཙག་འཐུ་གྲུབ་ནུག།

རྩི་རང་རྫོང་ཁག་ནང་ སེམས་ལྗོངས་རྒེད་འོག་ནང་རྐྱངམ་གཅིག་མ་གཏོགས་ གཞན་རྒེད་འོག་ཆ་མཉམ་ནང་ལས་ བཅའ་མར་གཏོགས་མི་ གདམ་ངོ་ཚུ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *