རྩི་རང་གི་མི་སེར་ཚུ་གིས་ ཆར་པའི་ནང་ཉི་གདུགས་བཀབ་ཐོག་ལས་ ཚོགས་རྒྱན་བཙུགས་ནི་ལུ་བསྒུགས་ སྡོད་པའི་བསྒང།

རྩི་རང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ མི་སེར་དམངས་གཙོ་ཚོགས་པ་ ཕམ་ཡོདཔ།

༉ འགོ་ཐོག་བཙག་འཐུ་མ་རན་པའི་ཧེ་མར་ མི་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དེ་ རྩི་རང་ལུ་ རྒྱབ་སྐྱོར་སྦོམ་ཡོད་པའི་ཚོགས་པ་དང་ མི་ཚུ་གིས་ འཕྲོ་མཐུད་དེ་ར་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་འོང་ཟེར་བའི་ ལོ་རྒྱུས་ཐོན་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༣ ལུ་ ཚོགས་པ་དེ་གིས་ རྫོང་ཁག་དེ་ནང་གི་ འདེམས་ཁོངས་༢ ཆ་ར་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ དུས་ཅི་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནིའི་ གོ་སྐབས་སྦོམ་འོང་ཟེར་བའི་ ཕོ་ཚོད་དཔག་ཡོདཔ་ཨིན་པས།
ཨིན་རུང་ འགོ་ཐོག་བཙག་འཐུ་རན་པའི་བསྒང་ལས་ མི་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པའི་སྐོར་ལས་ ལོ་རྒྱུས་མངམ་སླབ་དོ་ཡོདཔ་ད་ དེ་ཡང་ ཚོགས་པ་དེ་གི་ གཙོ་འཛིན་གྱིས་ རྫོང་ཁག་དེ་ནང་ ལྟ་སྐོར་འབད་དེ་ སྐུལ་བསྒྲགས་འབད་བའི་སྐབས་ ལྷོ་མཚམས་ཀྱི་ ཁ་སྐད་ཐོག་ལས་ གསལ་བཤད་འབད་མི་དེ་གིས་ མི་ཚུ་ལས་ རྒྱབ་སྐྱོར་འཐོབ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ཡང་ རྫོང་ཁག་དེ་ནང་ ལྟ་སྐོར་འབད་བར་ འོང་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབད་བཅུག་ནིའི་ནང་ ཕན་ཐོགས་མ་ཚུགསཔ་ལས་ འགོ་ཐོག་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ གསེར་གྱི་ཐང་-རྩི་རང་སྟོད་དང་ དཀྱིལ་འཁོར་ཐང་-མན་ཌལ་སྒང་འདེམས་ཁོངས་༢ ཆ་རའི་ནང་ ཚོགས་རྒྱན་མངམ་ ཐོབ་ཡོདཔ་ཨིན་པས།
རྫོང་ཁག་དེ་ནང་ ཚོགས་རྒྱན་ཡོངས་བསྡོམས་ལས་ མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༥,༧༧༩ དང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༤,༨༤༤ ཐོབ་ཡོདཔ་ཨིན་པས།
གལ་སྲིད་ འགྲེམ་ཐོག་ཚོགས་རྒྱན་ མེདཔ་འདྲཝ་ཅིག་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ གསེར་གྱི་-ཐང་རྩི་རང་སྟོད་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ འདེམས་ཁོངས་དེ་ནང་ལས་ མཉམ་རུབ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༦༣༤ ཐོབ་ཡོད་མི་ལས་ ཚོགས་རྒྱན་༡༣༤ མི་སེར་དམངས་གཙོ་ཚོགས་པ་གིས་ ཐེབས་ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་༦༤༡ ཐོབ་མི་དེ་ མཉམ་རུབ་ཚོགས་པ་ལས་ ཚོགས་རྒྱན་༤༣༡ ཉུང་སུ་ཨིན་པས།
དཀྱིལ་འཁོར་ཐང་-མན་ཌལ་སྒང་འདེམས་ཁོངས་ནང་ ཚོགས་པ་༢ ཀྱི་བར་ན་ འཕྲུལ་ཆས་ཚོགས་རྒྱན་གྱི་ཁྱད་པར་ སྦོམ་མེད་རུང་ འགྲེམ་ཐོག་ཚོགས་རྒྱན་གྱིས་ ཁྱད་པར་སྦོམ་བཟོ་ཡོདཔ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ མཉམ་རུབ་ཚོགས་པ་ལས་ འཕྲུལ་ཆས་ཚོགས་རྒྱན་༩༥ ཉུང་སུ་ཐོབ་ཡོདཔ་ཨིན་རུང་ འགྲེམ་ཐོག་ཚོགས་རྒྱན་ནང་ཚོགས་རྒྱན་༥༤༣ ཉུང་སུ་ཐོབ་ཡོདཔ་ཨིན་པས།
གསེར་གྱི་ཐང་-རྩི་རང་སྟོད་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ནོ་བིན་དར་ལ་མི་གིས་ སླབ་མིའི་ནང་ ཚོགས་པ་གིས་ གྲོང་གསེབ་མི་སེར་ཚུ་དང་ ཕྱད་ཡོདཔ་ཨིན་རུང་ ཁྲོམ་སྡེའི་མི་སེར་མངམ་དང་གཅིག་ཁར་ ཕྱད་མ་ཚུགསཔ་ལས་ ཁྱད་པར་ཆགས་ཡོདཔ་བཟུམ་འདུག་ཟེར་ཨིནམ་ད་ དེ་ཡང་ འདེམས་ཁོངས་ཀྱི་མི་ བརྒྱ་ཆ་༦༠ ལྷགཔ་ཅིག་ ས་གནས་གཞན་ཁར་ སྡོད་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢ ཆ་རའི་ནང་ ཕམ་ཡོདཔ་ད་ དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་དང་ཕྱདཔ་ད་ ཚོགས་རྒྱན་༢༠༠༩ དེ་ཅིག་ ཉུང་སུ་ཐོབ་ཡོདཔ་ད་ ཚོགས་རྒྱན་གྱི་ཁྱད་པར་ སྦོམ་སུ་དེ་ དཀྱིལ་འཁོར་ཐང་-མན་ཌལ་སྒང་འདེམས་ཁོངས་ནང་ དམངས་གཙོ་ཚོགས་པ་ལས་ ཚོགས་རྒྱན་༡,༠༡༦ ཉུང་སུ་དང་ གསེར་གྱི་ཐང་-རྩི་རང་སྟོད་ལུ་ ཚོགས་རྒྱན་༩༩༣ མི་སེར་དམངས་གཙོ་ཚོགས་པ་ལས་ ཉུང་སུ་ཐོབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *