རྩི་རང་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ལྷན་ཐབས་ཚོགས་རྒྱན་བཙུགས་པའི་བསྒང་།

རྩི་རང་རྫོང་ཁག་གིས་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༩༩ འཐོན་པའི་དམིགས་གཏད།

༉ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱི་བཏང་བཙག་འཐུའི་དོན་ལུ་ རྩི་རང་རྫོང་ཁག་གི་ མི་སེར་བརྒྱ་ཆ་༩༩ གིས་ ཚོགས་རྒྱན་བཙུགས་པར་ འོང་ཚུགསཔ་བཟོ་ནིའི་ དམིགས་གཏད་བསྐྱེད་དེ་ བཙག་འཐུ་འགོ་དཔོན་ཚུ་གིས་ ལཱ་ཚུ་རྩ་འགེངས་ཏེ་ འབད་བའི་བསྒང་ཡོདཔ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༥ ལུ་ འགོ་འདྲེན་འཐབ་མི་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ལས་ལྷག་སྟེ་ ཚོགས་རྒྱན་བཙུགས་པར་འོང་མི་ བརྒྱ་ཆ་༡༣ དེ་ཅིག་ འགྲུབ་ནི་ལུ་དམིགས་གཏད་བསྐྱེད་དོ་ཡོད་པའི་ཁར་ རྩི་རང་ལུ་ ཚོགས་རྒྱན་བཙུགས་ནིའི་ ཐོ་བཀོད་གྲུབ་མི་༢༣,༦༩༦ དེ་ཅིག་ཡོདཔ་ཨིན་པས།

འགོ་ཐོག་བཙག་འཐུ་ནང་ བརྒྱ་ཆ་༨༦ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་ཚོགས་རྒྱན་ དེ་ལས་ འཕྲུས་ཆས་ཚོགས་རྒྱན་ཐོག་ལས་ རང་སོའི་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

ངོས་ལེན་འགོ་དཔོན་ བསོད་ནམས་དཔལ་འབྱོར་གྱིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་ མཇུག་བསྡུ་ཚར་བའི་ཤུལ་ལས་ ཚོགས་རྒྱན་བཙུགས་པར་ མ་འོང་མི་ཚུ་ དབྱེ་བ་སོ་སོར་སྦེ་ ཕྱེ་བའི་སྐབས་ ཚོགས་རྒྱན་བཙུགས་པར་མ་འོང་མི་ མི་ངོམ་༩,༠༠༠ དེ་ཅིག་ཐོན་ཡོདཔ་ད་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་དང་ ཚོགས་པ་ཚུ་ལས་ རྒྱབ་སྐྱོར་ལེན་ཏེ་ ག་ར་གིས་བརྒྱུད་འཕྲིན་ཨང་གྲངས་ཚུ་ ལེན་བཞག་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་པར་ འོང་མ་བཏུབ་པའི་ མི་ངོམ་རེ་རེ་ལུ་ ཁོང་གིས་བརྒྱུད་འཕྲིན་དང་ བརྡ་འཕྲིན་ཚུ་བཏང་སྟེ་ བཙག་འཐུ་ནང་ བཅའ་མར་གཏོགས་གནང་ཟེར་བའི་ གོ་བརྡ་སྤྲོད་ཅི་ཟེར་ཨིན་མ་ད་ ཐོ་བཀོད་གྲུབ་མི་ དག་པ་ཅིག་གིས་ བརྒྱུད་འཕྲིན་གྱི་ བརྡ་དོན་མ་ཐོབ་པར་ཡོད་ཟེར་ཨིནམ་ད་ མི་ངོམ་ཚུ་ལུ་ ཚོགས་རྒྱན་བཙུགས་པར་འོང་དགོ་པའི་ གྲོས་སྟོན་འབད་དོ་ཟེར་ཨིན་པས།

འགོ་ཐོག་བཙག་འཐུ་ནང་ ག་ཅི་སྦེ་ མི་སེར་ཚུ་གིས་ ཚོགས་རྒྱན་བཙུགས་པར་ མ་འོངམ་ཨིན་ན་ མི་ངོམ་ཚུ་དང་ འབྲེལ་བ་འཐབ་པའི་ཤུལ་ལས་ ཚོགས་རྒྱན་བཙུགས་པར་འོང་བཅུག་ནིའི་ དམིགས་གཏད་༩༩ བཞག་ཡི་ཟེར་ཨིནམ་ད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱིར་བཏང་བཙག་འཐུ་ནང་ བཅའ་མར་གཏོགས་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ ངོས་ལེན་འགོ་དཔོན་ བསོད་ནམས་དཔལ་འབྱོར་གྱིས་ བཤད་ཡོདཔ་ཨིན་པས།

ཨིན་རུང་ ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ བཙག་འཐུ་དང་འབྲེལ་བའི་ རྙོགས་བཤད་ག་ནི་ཡང་ མ་ལྷོད་ཟེར་བཤད་པའི་ཁར་ མི་སྡེ་བརྡ་བརྒྱུད་ནང་ སྟབས་མ་བདེ་བའི་གནད་དོན་དང་ ཁ་ཤགས་རྐྱབ་པའི་ སྙན་ཞུ་ག་ནི་ཡང་ མ་འཐོན་ཟེར་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྟབས་མ་བདེཝ་མ་འཐོན་མི་དེ་ཡང་ ཧེ་མ་ལས་ བཙག་འཐུའི་སྐོར་ལས་ གོ་བརྡ་ལེགས་ཤོམ་སྦེ་སྤྲོད་མི་དང་ ཚོགས་པའི་རྒྱབ་སྐྱོར་པ་དང་ འགོ་འདྲེན་པ་ཚུ་དང་ མཉམ་འབྲེལ་ཞལ་འཛོམས་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ལྷན་ཚོགས་ཀྱིས་ བཙག་འཐུ་ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་ མཉམ་འབྲེལ་ཞལ་འཛོམས་ ཚར་གཅིག་འགོ་འདྲེན་འཐབ་ཡོདཔ་ད་ རྩིས་རང་རྫོང་ཁག་ནང་འབད་བ་ཅིན་ ཚོགས་པའི་འགོ་འདྲེན་པ་དང་ ངོ་ཚབ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཐེངས་༢ པ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

ངོས་ལེན་འགོ་དཔོན་ ཀརྨ་གྲུབ་ཆུ་གིས་ སླབ་མིའི་ནང་ འཛོམས་འདུ་ཐེབས་འགོ་འདྲེན་འཐབ་མི་དེ་ སྟབས་མ་བདེཝ་བྱུང་སར་ ཚོགས་པའི་རྒྱབ་སྐྱོར་པ་དང་ འགོ་འདྲེན་པ་ དེ་ལས་ ངོ་ཚབ་ཚུ་ལུ་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་གནད་དོན་དང་ ཡང་ན་ སྟབས་མ་བདེཝ་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ འབད་ཆོགཔ་དང་ མ་ཆོག་པའི་སྐོར་ལས་ གོ་བརྡ་སྤྲོད་ཡི་ཟེར་ཨིནམ་ད་ དེ་ཡང་ རྫོང་ཁག་བདག་སྐྱོང་དང་ བཙག་འཐུའི་འགོ་དཔོན་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུ་མ་རན་པའི་ཧེ་མར་ ཚོགས་པ་༤ གི་ རྒྱབ་སྐྱོར་པ་དང་ འགོ་འདྲེན་པ་ཚུ་འབོ་སྟེ་ མཉམ་འབྲེལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ རྫོང་ཁག་ནང་ སྲིད་ཚོགས་༤ གི་ འགོ་འདྲེན་པ་དང་ རྒེད་འོག་འགོ་འདྲེན་པ་༤༨ དེ་ལས་ སྤྱི་འོག་འགོ་འདྲེན་པ་༢༤༠ གིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

བཙག་འཐུ་དེ་ མཐར་འཁྱོལ་ཅན་སྦེ་ འབྱུང་ཐབས་ལུ་ མི་སེར་ཚུ་ལུ་ འབད་ཆོགཔ་དང་ མ་ཆོག་པའི་སྐོར་ལས་ གོ་བརྡ་སྤྲོད་ཡི་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་ཁར་ མི་སེར་ཚུ་གིས་ མི་སྡེ་བརྡ་བརྒྱུད་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ཡང་ ཤེས་པས་ཟེར་ཨིན་པས།

ཚོགས་རྒྱན་དང་འབྲེལ་བའི་ གོ་བརྡའི་ཤེས་ཡོན་སྤྲོད་པའི་སྐབས་ལུ་ཡང་ མི་སྡེ་བརྡ་བརྒྱུད་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ་ལས་ ད་ལྟོ་ རྩོད་རྙོགས་མ་འཐོན་མི་དེ་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ཨིན་ཟེར་ ངེས་ལོན་འགོ་དཔོན་ ཀརྨ་གྲུབ་ཆུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *