ལུང་ཕྱོགས་ནགས་ཚལ་སྡེ་ཚན་གྱིས་ སྦ་གི་ལྕངམ་༢༠༠ ལྕངམ་གསོ་སྐྱོང་ཁང་ནང་ འཛུགས་སྐྱོང་འབད་མི་ཚུ།

རྩི་རང་གིས་ སྦ་འཛུགས་སྐྱོང་ནང་ ཤུགས་བཏོན་ནི།

༉ རྩི་རང་རྫོང་ཁག་གིས་ ཐབས་ལམ་མ་འདྲཝ་ཅིག་ བཏོན་ཐོག་ལས་ སང་ཕོད་ལས་ སྦ་རྒྱ་ཆེཝ་སྦེ་ འཛུགས་སྐྱོང་འབད་ནི་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ གྲོས་ཐག་བཅད་ཡོདཔ་ད་ སྦ་འཛུགས་སྐྱོང་གྱི་ལཱ་དེ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ མི་སྡེ་ནགས་ཚལ་གྱི་ཉིནམ་དང་བསྟུན་ འགོ་འདྲེན་འཐབ་ནི་ཨིན་པས།
རྩི་རང་རྫོང་བདག་པདྨ་གིས་ སླབ་མིའི་ནང་ རྒྱལ་ཁབ་ཀྱི་ བཟོ་སྐྲུན་དང་འབྲེལ་བའི་ ལཱ་མང་ཤོས་ནང་ར་ རྒྱ་གར་ལས་ ནང་འདྲེན་འཐབ་མི་ སྦ་དེ་ ལག་ལེན་འཐབ་དོ་ཡོདཔ་ལས་ རྫོང་ཁག་གིས་ མཁོ་འདོད་བཀོད་མི་ག་ར་ གྲུབ་མ་ཚུགས་རུང་ ལོ་དག་པ་ཅིག་གི་རྒྱབ་ལས་ ཆ་ཤས་ཅིག་ གྲུབ་ཚུགས་འོང་ཟེར་ཨིན་པས།
མི་སེར་ཚུ་ལུ་ བཟོ་སྐྲུན་ལས་སྡེ་ཚུ་གི་དོན་ལས་ སྦ་འཛུགས་སྐྱོང་ཐབ་དགོ་པའི་སྐོར་ལས་ རྫོང་བདག་གིས་ རྒེད་འོག་ལྟ་སྐོར་ནང་ འགྱོ་བའི་སྐབས་ སེམས་ཤུགས་བསྐྱེད་ཡོདཔ་ལས་ ད་རེས་ནངས་པར་ སྦ་འཛུགས་སྐྱོང་འཐབ་བཅུག་ཐབས་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
རྫོག་བདག་གིས་འབད་བ་ཅིན་ སྦ་ཚར་ཅིག་ འཛུགས་སྐྱོང་འབད་ཞིནམ་ལས་ ཆུ་དང་ལུད་བླུག་མ་དགོ་པར་ ལཱ་འཇམ་ཟེར་ཨིནམ་ད་ རྩི་རང་སྨན་ཁང་ནང་ ཉལ་ཁྲི་༤༠ རྐྱབ་ནིའི་དོན་ལས་ སྦ་སྣུམ་འཁོར་ཊཱག་༦ དེ་ཅིག་ རྒྱ་གར་ཨ་སམ་ལས་ སྦ་ཕུད་རྡོག་རེ་ལུ་ དངུལ་ཀྲམ་༡༣༠ རེ་སྤྲོད་དེ་ ནང་འདྲེན་འབད་ཡོདཔ་བཞིན་དུ་ སྦ་དེ་ཚུ་ ལག་ལེན་ཚར་གཅིག་འཐབ་པའི་ཤུལ་ལུ་ དགོས་མཁོ་མེད་པའི་གྲངས་སུ་ བཞགཔ་མས་ཟེར་ཨིན་པས།
སྦ་འཛུགས་སྐྱོང་གི་ ཐབས་ལམ་གསརཔ་དེ་ འགོ་བཙུགས་ནིའི་དོན་ལུ་ ལུང་ཕྱོགས་ནགས་ཚལ་སྡེ་ཚན་གྱིས་ སྦ་གི་ལྕངམ་༢༠༠ ལྕངམ་གསོ་སྐྱོང་ཁང་ནང་ གྲ་སྒྲིག་འབད་དེ་ བཞག་ཡོདཔ་ཨིན་པས།
ལྕངམ་འཐོབ་ནི་དེ་ ལཱ་ཁག་ཡོད་རུང་ མི་སྡེ་ནགས་ཚལ་གྱི་ཉིནམ་ བརྩི་སྲུང་གི་དོན་ལས་ ལྕངམ་ཚུ་གྲ་སྒྲིག་ཚུད་དེ་ཡོད་ཟེར་ ནགས་ཚལ་འགོ་དཔོན་ ཀེ་ཨེན་གི་མི་རེ་གིས་ རྫོང་ཁག་ཚོགས་འདུ་ནང་ ཞུ་བའི་ཁར་ ལྕངམ་མངམ་སྦེ་ གྲ་སྒྲིག་འབད་འོང་ཟེར་ཞུ་ནུག།
ལུང་ཕྱོགས་ནགས་ཚལ་སྡེ་ཚན་གྱིས་ སྤྱི་ལོ་༢༠༡༥ ལུ་ རྩི་རང་ལས་ དབང་འདུས་ཕོ་བྲང་ཁ་ཐུག་ ཀི་ལོ་མི་ཊར་༣༠ གི་ས་ཁར་ སི་རུ་ཊར་ལུ་ ས་ཆ་ཧེག་ཊར་༢༠ དེ་ཅིག་ནང་ སྦ་གི་ལྕངམ་བཙུགས་ཡོདཔ་ཨིན་པས།
ཀེ་ཨེན་གི་མི་རེ་གིས་ སྦ་གི་ཕན་ཐོགས་ཀྱི་སྐོར་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་དོ་ཡོདཔ་མ་ཚད་ ས་རུད་ཆད་ནི་ལས་བཀག་ནི་གི་ ཐབས་ལམ་ཚུ་ བཏོན་དོ་ཡོདཔ་ལས་ སྦ་དེ་ འོང་འབབ་ཀྱི་ ཐོན་ཁུངས་ངོ་མ་ཅིག་ལུ་ འགྱུར་ནི་གི་ འོས་འབབ་ཡོད་ལུགས་ བཤད་ཡོདཔ་ཨིན་པས།
ནགས་ཚལ་སྡེ་ཚན་གྱིས་ སངཕོད་སྤྱི་ཟླ་༦ པ་ལས་ རྒེད་འོག་རེ་རེ་ལུ་ སྦ་གི་ལྕངམ་༥༠ རེ་ བགོ་བཀྲམ་འབད་ནིའི་ རེ་བ་ཡོདཔ་བཞིན་དུ་ ལོ་དེ་གི་ཤུལ་ལས་ ལྕངམ་གང་མང་འཛུགས་སྐྱོང་འབད་ཚུགས་འོང་ཟེར་ རྫོང་བདག་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *