རྡོ་རྦོབ་རིལ་འོང་མི་གིས་ སློབ་ཕྲུག་བུམོ་ཅིག་ ཁ་འཐུམ་མར་ བསད་ཡོདཔ།

བཀྲིས་ཕུན་ཚོགས།

མོང་སྒར་རྒྱལ་པོའི་ཞིང་ཁྲོམ་ལས་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་གནས་ ཟིམ་ཟོ་རོང་ལུ་ སྐྱེས་ལོ་༡༧ ལང་མི་བུམོ་ཅིག་ རྡོ་རྦོབ་རིལ་འོང་མི་གིས་ མགུ་ཏོ་གུ་ཕོག་སྟེ་ ས་གོ་ནང་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།

ཚེ་འདས་བུམོ་དེ་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ སློབ་རིམ་༡༠པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་པས།

སློབ་རིམ་༡༠ པ་ ག་སྡེ་ཚུ་ སློབ་ཁང་གི་ མཛར་ཅུམ་བཟའ་བར་ སོང་ཡོདཔ་བཞིན་དུ་ ཉིན་མའི་ལྟོ་ ཟ་ཞིནམ་ལས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༤ དེ་ཅིག་ལུ་ གནམ་ཁ་ལས་ འབྲུག་ལྡིར་བའི་སྐབས་ བྱག་གུ་ལས་མར་ ཤིང་འགྱེལ་འོངམ་ད་ རྡོ་གུ་ཕོག་སྟེ་ རྡོ་རྦོབ་རིལ་འོང་མི་གིས་ བུམོ་དེ་ལུ་ ཕོག་ནུག་ཟེར་ཨིན་པས།

ཙ་ཀ་གླིང་རྒེད་འོག་ལས་ཨིན་མི་ ཚེ་འདས་བུམོ་དེ་ ཆ་རོགས་ཚུ་དང་གཅིག་ཁར་ སྡོད་ཡོདཔ་ད་ ཁོང་ཆ་ཁྱབ་ ལོག་སློབ་གྲྭ་ནང་ འགྱོ་ནིའི་དོན་ལུ་ བཅའ་སྒྲིག་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ རྡོ་ཕོག་མི་ སློབ་ཕྲུག་གཞན་༣ རྒྱལ་པོའི་ཞིང་སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ སྨན་བཅོས་འབད་དེ་ ལོག་ཁྱིམ་ནང་བཏང་ཡོད་རུང་ མགུ་ཏོ་གུ་ཕོག་མི་ བུམོ་ཅིག་ ད་ལྟོ་ བརྟག་དཔྱད་འབད་ནིའི་དོན་ལུ་ སྨན་ཁང་ནང་ བཞག་ཡོདཔ་ཨིན་པས།

ཚེ་འདས་ཀྱི་ཕུངམ་དེ་ ད་ལྟོ་ རྒྱལ་པོའི་ཞིང་སློབ་གྲྭ་ནང་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *