རྡོ་རོ་ཁ་དྲུང་ཁག་གི་ འགོ་དཔོན་ཚུ་གིས་ ཟུར་བཞག་ཁང་རྐྱབ་ནིའི་ ཁས་བླངས།

༉ བསམ་རྩེ་རྫོང་ཁག་ནང་  ད་ལྟོ་ཚུན་ཚོད་ཀྱི་བར་ན  ཟུར་བཞག་ཁང་གི་མཐུན་རྐྱེན་ ཚུལ་ལྡན་ཅིག་མེདཔ་ལས་ བསམ་རྩེ་རྡོ་རོ་ཁ་དྲུང་ཁག་གི་ འགོ་དཔོན་ཚུ་གིས་ ནད་ཡམས་ཀྱི་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་ འགྱོ་མི་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ ཟུར་བཞག་ཁང་གཅིག་ རྐྱབ་ནི་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།

འགོ་དཔོན་འདི་ཚུ་གིས་ བཤད་མིའི་ནང་ དྲུང་ཁག་དེ་ནང་ ལག་ལེན་མ་འཐབ་པར་ཡོད་མི་ གཞི་རྟེན་སྨན་ཁང་རྙིངམ་དེ་ ཉམས་བཅོས་འབད་ཐོག་ལས་ གནས་ཚད་དང་ལྡན་པའི་ ཟུར་བཞག་མཐུན་རྐྱེན་ཅིག་ལུ་ བསྒྱུར་བཅོས་འབད་ནིའི་ ལཱ་འགོ་བཙུགས་ཏེ་ ཟླཝ་ལང་ནི་འབད་དོ་ཟེར་ཨིན་པས།

རྡོ་རོ་ཁ་དྲུང་ཁག་གི་དྲུང་པ་  ཀརྨ་འགྱུར་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཟུར་བཞག་ཁང་གི་ མཐུན་རྐྱེན་སྤྱོད་ནིའི་དོན་ལུ་ ཐག་རིང་གི་ས་གནས་ སྤུ་ན་ཁ་ཚུན་ཚོད་ འགྱོ་དགོ་དོ་ཡོདཔ་ལས་ སྟབས་མ་བདེཝ་འདུག་ཟེར་ཨིན་པས། 

དྲུང་པ་གིས་ བཤད་མིའི་ནང་ དྲུང་ཁག་དེ་ནང་ ཟུར་བཞག་ཁང་ལུ་ བསྒྱུར་བཅོས་འབད་བཏུབ་པའི་  ཟ་ཁང་ཕུད་རྡོག་གཅིག་ཡང་མེདཔ་ལས་  སྤུ་ན་ཁ་ལུ་ ཟུར་བཞག་ཁང་ནང་ འགྱོ་དགོཔ་ད་ དྲོ་པ་ཆུ་ཚོད་༡༢ ལུ་ཡང་ ལྷོད་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྡོ་རོ་ཁ་ལུ་ ཟུར་བཞག་ཁང་གི་ མཐུན་རྐྱེན་ཚུ་ གནས་ཚད་དང་ལྡནམ་སྦེ་ མེད་ཟེར་ཨིནམ་ད་ ཟུར་བཞག་ཁང་ནང་ ཞབས་ཏོག་ཞུ་མི་ བདེ་སྲུངཔ་དང་ ཉེན་སྲུང་ལྟ་རྟོག་འབད་མི་ཚུ་གི་ གསང་སྤྱོད་དང་ ཁང་མིག་ཚུ་ སོ་སོར་དགོ་ཟེར་ཨིན་པས།

གལ་གནད་ཆེ་བའི་ ཉམས་བཅོས་ཀྱི་ལཱ་ཚུ་ མཇུག་བསྡུ་ཞིནམ་ལས་ ཁང་མིག་རེ་རེ་ནང་ དེང་སང་གི་ མཐུན་རྐྱེན་ཚུ་ བཙུགས་ནི་དང་ ཡོངས་འབྲེལ་གྱི་མཐུན་རྐྱེན་wifi དང་ རྒྱང་མཐོང་ཡང་  སྤྱོད་ཚུགས་་ནི་ཨིན་པས།  

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་༣༠ དང་༤༠ ཤོང་ཚུགས་པའི་ ཟུར་བཞག་ཁང་དེ་ མཇུག་བསྡུ་ནི་ལུ་ ད་རུང་ ཟླཝ་༡ དེ་ཅིག་  འགོར་ནི་མས་ཟེར་ཨིན་པས།

སློབ་གྲཱའི་སློབ་དཔོན་དང་ དྲུང་ཁག་བདག་སྐྱོང་གི་ ལས་སྡེ་ཁག་སོ་སོའི་ནང་ ལཱ་འབད་མི་ཚུ་གིས་  སྦུང་བསྒུལ་ཐོག་ལུ་དང་ བསམ་རྩེ་རྫོང་ཁག་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

དྲུང་པ་གིས་འབད་བ་ཅིན་ ནད་ཡམས་དེ་ ཞི་ཞིནམ་ལས་ ཟུར་བཞག་ཁང་ཚུ་ སློབ་གྲཱའི་ལས་གཡོགཔ་ཚུ་གི་ སྡོད་ཁྱིམ་སྦེ་ ལག་ལེན་འཐབ་འོང་ཟེར་ཨིནམ་ད་ རྡོ་རོ་ཁ་ལུ་ སྡོད་ཁྱིམ་ལངམ་མེད་པའི་ དཀའ་ངལ་ཡོདཔ་ཨིན་པས།

དེ་ལས་ ཧཱ་ལུ་ འགྲོ་འགྲུལ་འབད་མི་ཚུ་གི་ནང་ལས་  ལྷག་པར་དུ་  གསང་སྦས་ཁ་དྲུང་ཁག་གི་ མིཚུ་དང་ བསམ་རྩེ་ལུ་ ཉོ་ཚོང་རྐྱབ་པར་ འོང་མི་ཚུ་ལུ་ཡང་  ཟུར་བཞག་མཐུན་རྐྱེན་ སྤྱོད་ཚུགས་ནི་ཨིན་པས།

ཧཱ་དང་ བསམ་རྩེའི་ས་མཚམས་  ཕུ་ཅི་ན་ཟེར་སར་ ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༢ ལས་བརྒལ་ མི་འགོར་དོ་ཡོདཔ་ཨིན་པས།  

ཟུར་བཞག་ཁང་ཚུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཞིནམ་ལས་ ཧཱ་གི་མི་སེར་ཚུ་  ཕུ་ཅི་ན་ཚུན་ སྲུང་སྐྱོབ་སྐྱེལ་མའི་ཐོག་ལུ་ བསྐྱལ་ནི་དང་ རྫོང་ཁག་སོ་སོའི་ནང་ འགྱོ་མི་ཚུ་  ཕུན་ཚོགས་གླིང་གི་ས་གནས་ སོར་ཅན་ཚུན་  བསྐྱལ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསམ་གཏན་དབང་ཕྱུག་དང་ པདྨ་ལྷ་མོ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *