རྡོ་བུད་འོང་སྟེ་ ཕོ་སྐྱེས་༡ ལུ་རྨ་སྐྱོན།

༉ སྤྱི་ཟླ་༦ པའི་ཚེས་༡༧ གྱི་དྲོ་པར་ ཆུ་ཁ་སྦོང་སྒོ་རྒེད་འོག་ བའེ་ཀུན་ཟ་གཡུས་ཚན་གྱི་ ཞིང་ལམ་བདའ་སྟེ་ ལམ་ལྟག་ལས་ རྡོ་བུད་འོངམ་ད་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་གུ་ཕོག་ཡོདཔ་ཨིན་པས།
རྨ་སྐྱོན་བྱུང་མི་དེ་ དེ་ཚེ་ར་ དགེ་འདུ་སྨན་ཁང་ནང་ བཞག་པའི་ཤུལ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙེོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ལས་ ད་ལྟོ་ དྲག་པའི་བསྒང་ཡོདཔ་ཨིན་པས།
ཉམས་རྒུདཔ་དེ་ ནང་སྲིད་བློན་པོ་གིས་ འགོ་འབྱེད་གནང་མི་ ཝང་ཆུ་གུ་རྐྱབ་མི་ ཟམ་གྱི་རྟེན་འབྲེལ་ལས་རིམ་ནང་ པི་པིན་གཡུས་ཚན་ལས་ གཡུས་མི་སྡེ་ཚན་ཅིག་ འཛོམས་མི་ཚུ་གི་གྲས་ལས་༡ ཨིན་པས།
ཆུ་ཁ་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ སྦོང་སྒོའི་རྒཔོ་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་ དེ་ཚེ་ཕྱི་རུ་ ཕྱིས་སོང་མི་ལུ་བརྟེན་ ཞག་པི་པིན་ལུ་ ཉལ་ཡོདཔ་ལས་ དེ་གི་ནངས་པར་ ཉམས་རྒུདཔ་དེ་ ཧ་སག་ར་ ལོང་ཡར་སོ་ནུག་ཟེར་ཨིནམ་ད་ དེ་ཡང་ ཁོ་གི་གནས་ཚང་གིས་ ཁྱིམ་ནང་ལཱ་འབད་ནིའི་དོན་ལུ་ དྲོ་པ་ཧ་སག་འོང་དགོཔ་སྦེ་ སླབ་མི་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ཁོ་དང་སྡེ་ཚན་དེ་གིས་ ཉམས་རྒུདཔ་དེ་ དགེ་འདུ་ལུ་ བསྐྱལ་བའི་ཤུལ་ལས་ ཐིམ་ཕུག་ལུ་བཏང་ཡི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *