རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི།

སྤྱི་ཟླ་༦ པའི་ཚེས་༣༠ དེ་ རྒྱུ་དངོས་གསལ་སྟོན་འབད་ནིའི་ ཉིནམ་མཇུག་ཨིནམ་བཞིན་དུ་ ང་ཡང་ འདས་པའི་ཉིནམ་དག་པ་ཅིག་གི་རིང་ གཞི་གནས་གསལ་སྟོན་གློག་རིག་རིམ་ལུགས་ཐོག་ རྒྱུ་དངོས་གསལ་སྟོན་འབད་ནི་སྦེ་ ག་དེམ་ཅིག་ར་ དཔའ་བཅམ་རུང་ ག་ར་དོན་མེད་སོང་ཡི་ཟེར་ཞུ་ནི།

མ་གཞི་ དུས་ཚོད་འ་ནེམ་ཅིག་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྒྱུ་དངོས་གསལ་སྟོན་གྱི་ ཡོངས་འབྲེལ་འཆར་སྒོའི་ ཞབས་ཏོག་དེ་ དུས་མཐུན་ཐོག་ ལཱ་འབད་བཏུབ་འོང་དགོ་ནི་ཨིན་རུང་ ཡོངས་འབྲེལ་འཆར་སྒོ་དེ་ ཁ་ཕྱེ་མ་བཏུབ་ལས་ ལཱ་འབད་མི་བཏུབ་པས་ཟེར་ཞུ་ནི།

ང་གིས་ ཡོངས་འབྲེལ་འཆར་སྒོ་ ཁ་ཕྱེ་ཞིནམ་ལས་ རྒྱུ་དངོས་གསལ་སྟོན་འབད་ནིའི་ དཔའ་བཅམ་ཏེ་ བདུན་ཕྲག་༣ དེ་ཅིག་ ལང་ཡོདཔ་བཞིན་དུ་ ད་ལྟོ་ཡང་ གཞི་གནས་གསལ་སྟོན་གློག་རིག་རིམ་ལུགས་དེ་ རྩ་ལས་ར་ ལཱ་འབད་མ་བཏུབ་ཟེར་ཞུ་ནི།

ང་རྐྱངམ་གཅིག་མེན་པར་ མི་མང་ཤོས་ཅིག་གིས་ ཡོངས་འབྲེལ་འཆར་སྒོ་དེ་ ཁ་ཕྱེ་ཞིནམ་ལས་ རྒྱུ་དངོས་གསལ་སྟོན་འབད་ནིའི་ དཔམ་བཅམ་ཡོདཔ་བཞིན་དུ་ དུས་ཚོད་དེ་ སྦོ་ལོགས་ཁར་ ལྷོད་ནི་དེ་གིས་ མི་ཚུ་གིས་ རྒྱུ་དངོས་ཚུ་ གསལ་སྟོན་འབད་ཚུགས་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡོངས་འབྲེལ་འཆར་སྒོ་དེ་ ལཱ་འབད་བཏུབ་བཟོ་དགོ་ཟེར་ཞུ་ནི།

ཞི་གཡོགཔ་ཅིག་གིས་ ཡོངས་འབྲེལ་འཆར་སྒོ་ཁ་ཕྱེ་ཞིནམ་ལས་ རྒྱུ་དངོས་གསལ་སྟོན་འབད་ནིའི་ ག་དེམ་ཅིག་ དཔའ་བཅམ་རུང་ འཆར་སྒོ་དེ་ ལཱ་འབད་མ་བཏུབ་མི་ལུ་བརྟེན་ ཐབས་གཞན་མེདཔ་ལས་ ལྷན་ཚོགས་ཀྱིས་ ཉེས་བྱ་བཀལ་རུང་ འབག་ནིའི་ཐག་བཅད་དེ་ སྡོད་ཡོདཔ་སྦེ་ སླབ་དེས་ཟེར་ཞུ་ནི།

དེ་ལས་ འཕྲལ་འཕྲལ་ག་དེམ་ཅིག་སྦེ་ ཡོངས་འབྲེལ་འཆར་སྒོ་དེ་ ཁ་ཕྱེ་ཞིནམ་ལས་ ལཱ་འབད་བཏུབ་དོ་ཡོད་རུང་ རྒྱུ་དངོས་གསལ་སྟོན་གྱི་ བྱ་རིམ་ཚུ་ མཇུག་བསྡུ་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༤ ལྷགཔ་ཅིག་ འགོར་དོ་ཡོདཔ་ལས་ ཐིམ་ཕུག་ལུ་ཡོད་མི་ ཆ་རོགས་ཚུ་ལས་ རྒྱབ་སྐྱོར་ལེན་རུང་ ཡར་ལུ་ཡང་ དཀའ་ངལ་འདུག་ཟེར་ཞུ་ནི།

ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཡོངས་འབྲེལ་འཆར་སྒོའི་ དཀའ་ངལ་དེ་ སེལ་ཐབས་འབད་བ་ཅིན་ ཞབས་ཏོག་སྤྱོད་མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཞུ་ནི་དང་ དེ་མེན་པ་ཅིན་ ད་ལྟོའི་ཐད་ཁར་ དུས་ཚོད་ཁར་ རྒྱུ་དངོས་གསལ་སྟོན་མ་འབད་མི་ལུ་ ཉེས་བྱ་ཚུ་ བཀལ་ནི་དེ་ འོས་འབབ་མ་མཐོང་ཟེར་ཞུ་ནི།

དེ་འབདཝ་ལས་ མི་ག་ར་གིས་ རང་སོའི་རྒྱུ་དངོས་ཚུ་ སྦ་གསང་མེད་པར་ དུས་ཚོད་ཁར་ གསལ་སྟོན་འབད་ཚུགས་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དུས་ཚོད་ཕར་འགྱངས་འབད་དགོཔ་དེ་ ཁག་ཆེཝ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།

སྐལ་བཟང་།

བསམ་གྲུབ་ལྗོངས་མཁར།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *