རྒྱལ་སྤྱི་གསོ་བ་དང་ཚན་རིག་ཞབས་ཏོག་གི་ ཞལ་འཛོམས་ཐེངས་༤ པ་ འགོ་བཙུགས་ཡོདཔ།

༉ ཁ་ཙ་ལས་ རྒྱལ་སྤྱི་གསོ་བ་དང་ཚན་རིག་འཕྲོད་བསྟེན་ཞལ་འཛོམས་ཐེངས་༤ པ་དེ་ རྒྱལ་ས་ཐིམ་ཕུག་ལུ་ འགོ་འབྱེད་འབད་མི་དང་འབྲེལ་ ཉིནམ་༣ གྱི་ནང་འཁོད་ལུ་ གསོ་བ་དང་འབྲེལ་བའི་ གསལ་བཤད་འབད་མི་༡༠ དང་ གཞན་མི་༡༥ གིས་ ཞིབ་འཚོལ་དང་འབྲེལ་བའི་ གསལ་བཤད་ཚུ་འབད་ནི་ཨིན་པས།
དེ་ལས་ བརྡ་བྱང་༡༥ དེ་ཅིག་ཡང་ ཞལ་འཛོམས་དེ་གི་སྐབས་ལུ་ མི་མང་ལུ་གསལ་སྟོན་འབད་ནི་ཨིན་པའི་ཁར་ དུས་ཅི་ལོའི་ལས་རིམ་དེ་ཡང་ གསོ་བའི་ཞབས་ཏོག་གི་སྤུས་ཚད་ ཡར་དྲག་བཏང་སྟེ་ ནདཔ་ཚུ་གི་ཉེན་སྲུང་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་གཙོ་འཛིན་ ཀུན་བཟང་ པི་ ཚེ་རིང་གིས་ སླབ་མིའི་ནང་ དུས་ཚོད་དང་འཁྲིལཝ་ད་ གསོ་བའི་ཞབས་ཏོག་ཚུ་ སྤུས་ཚད་ཅན་སྦེ་ བྱིན་དགོ་པས་ཟེར་བའི་ མནོ་ལུགས་ཡོད་པ་ཅིན་རྐྱངམ་གཅིག་ ལས་རིམ་གྱི་བརྗོད་དང་དང་འཁྲིལ་ འབད་ཚུགས་ཟེར་བཤད་ཅི།
གཙོ་འཛིན་གྱིས་སླབ་མིའི་ནང་ གསོ་བའི་ཞབས་ཏོག་ཚུ་ མང་ཚད་ལས་གསོ་བའི་ཕན་ཁྱད་ལུ་བལྟ་དགོ་པའི་ དུས་སྐབས་ནང་ལྷོད་ནུག་ཟེར་ ལས་རིམ་འགོ་འབྱེད་འབད་བའི་སྐབས་བཤད་ཡོདཔ་ད་ དེ་ཚུ་ཡང་ བརྗོད་དོན་ལུ་གཙོ་བཟུང་པ་ཅིན་ འབད་ཚུགས་ཟེར་བཤད་ཅི།
ཐའི་ལེནཌ་གི་ གསལ་བཤད་འབད་མི་ ཌོག་ཊར་ ཨ་ནུ་ཝཏ་ སུ་པ་ཆུ་ཏི་ཀུལ་གྱིས་ ཁོ་རའི་ཉམས་མྱོང་ཐོག་ལས་ གསལ་བཤད་འབད་བའི་སྐབས་ ནདཔ་ཚུ་གི་སེམས་ཡར་དྲག་འབད་ཐབས་ལུ་ སྨན་བཅོས་འབད་བའི་དུས་ཚོད་ནང་ ཐབས་ལམ་ཚུ་ བཏོན་དགོ་ཟེར་ཨིན་པས།
དེ་ལས་ ཉིན་བསྟར་བཞིན་དུ་ སྨན་བཅོས་འབད་བའི་ཤུལ་ལས་ འཛོལ་བ་དང་སྨན་བཅོས་ དེ་ལས་ ག་ཅི་ར་ ལྷབ་ཡོདཔ་ཨིན་ན་ཚུ་ཡང་ ལྟ་དགོ་ཟེར་ཨིན་པས།
ཁྲིམས་སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་གིས་ འགོ་འབྱེད་འབད་མི་དང་འབྲེལ་ གཞུང་གིས་ གསོ་བའི་ཞབས་ཏོག་ཚུ་ རྒྱལ་ཁབ་ནང་ མཐུན་རྐྱེན་ཡོད་མི་ལས་ སྟོང་པར་བྱིན་བཞིན་དུ་ཡོད་རུང་ དུས་ནམ་ཅིག་གི་ཚེ་ སྟོང་པར་བྱིན་ནི་དེ་ གོང་ཐང་ཅན་ཅིག་ལུ་ འགྱུར་འོང་ཟེར་བཤད་ཅི།
དེ་བཟུམ་མའི་ དུས་ཚོད་ནང་ལྷོད་པ་ཅིན་ མི་མང་གཞི་རྟེན་གསོ་བའི་ཞབས་ཏོག་ཟེར་བའི་ དོན་ཚིག་དེ་ཡང་ རྩ་ཁྲིམས་ཆེན་མོའི་ནང་ ཚུད་དགོཔ་འོང་ཟེར་ ཁྲིམས་སྤྱི་བློན་པོ་གིས་ བཤད་ཅི།
ཁ་ཙ་ ལས་རིམ་གྱི་འགོ་བཙུགས་དང་འབྲེལ་ གསོ་བ་དང་འབྲེལ་བའི་ དཔེ་དེབ་ཚུ་ཡང་ གསར་བཏོན་འབད་ཡོདཔ་ད་ ད་རེས་ བསམ་གྲུབ་ལྗོངས་མཁར་སྨན་ཁང་གི་ ཟས་བཅུད་རིག་པ་ ཧ་རི་ པར་སཱད་ པོག་ རེལ་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ ཨ་ལོ་ཆུང་ཀུ་སྐྱེ་འཆིའི་སྐོར་ལས་ གསལ་བཤད་འབད་ནི་ཨིནམ་ད་ ཨཱོལ་ ཨིན་ཌི་ཡ་གསོ་བ་དང་ ཚན་རིག་སྤེལ་ཁང་ལས་ ཌོག་ཊར་ ཨེསི་ ཨའི་ སིང་གིས་ སྨན་བཅོས་འཛོལ་ཏེ་འབད་བའི་སྐོར་ལས་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ ཟིམ་བཱ་ལས་འཕྲོ་གིས་ ལགཔ་ཧིང་སངས་ས་ བཞག་དགོ་པའི་སྐོར་ལས་ གསལ་བཤད་འབད་ནི་ཨིན་པས།
སྨན་ལྗོངས་གསོ་རིག་གི་ ཤེས་རབ་བསྟན་འཛིན་གྱིས་ ནང་པའི་གསོ་བའི་ཞབས་ཏོག་དང་ སྨན་གྱི་སྐོར་ལས་ བརྡ་དོན་ཞབས་ཏོག་ཚུ་ ཐོབ་ཐབས་བཟོ་དགོ་པའི་སྐོར་ལས་ཡང་ ཞལ་འཛོམས་སྐབས་ གྲོས་བསྟུན་འབད་ནི་ཨིན་པས།
དེ་ལས་ མོང་སྒར་སྨན་ཁང་གི་ དྲུང་འཚོ་རྡོ་རྗེ་རྒྱལ་མཚན་གྱིས་ ནང་པའི་རྩིསཔ་ཚུ་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་ལ་ལོ་ལུ་ གཤག་བཅོས་ག་དེ་སྦེ་ རྐྱབ་དགོཔ་ཨིན་ནའི་ རྒྱབ་སྣོན་འབད་བའི་སྐོར་ལས་ཡང་ གསལ་བཤད་འབད་ནི་ཨིནམ་ད་ ཞལ་འཛོམས་དེ་ ནངས་པར་མཇུག་བསྡུ་ནི་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *