སློབ་ཕྲུག་ཚུ་གིས་ ལས་རྩལ་འགྲན་བསྡུར་གྱི་ འགོ་འབྱེད་འབད་བའི་བསྒང་།

རྒྱལ་ཡོངས་སློབ་གྲྭའི་ ལུས་རྩལ་འགྲན་བསྡུར།

༉ ཤེས་རིག་ལྷན་ཁག་ ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱི་ རྩེད་རིགས་སྡེ་ཚན་གྱིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ན་གཞོན་རྩེད་རིགས་སྦྱོང་བརྡར་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་འགོ་བཙུགས་ཅི།
ཉིན་གྲངས་༥ གི་ རྩེད་འགྲན་ལས་རིམ་དེ་ཡང་ ཐིམ་ཕུག་ ལུང་བསྟན་ཟམ་པའི་ ཉེ་འདབས་ལུ་ཡོད་པའི་ རྒྱལ་ཡོངས་ལུས་རྩལ་བང་རྒྱུག་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ལས་རིམ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་ཁག་༢༠ དང་ ཁྲོམ་སྡེ་༤ ནང་ལས་ སློབ་ཕྲུག་བུཚུ་དང་བུམོ་བསྡོམས་ མི་གྲངས་༤༠༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལོ་བསྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་ རྩེད་འགྲན་ལས་རིམ་དེ་ སློབ་གྲྭའི་རྩེད་རིགས་ལས་རིམ་ གྲངས་སུ་ཡོདཔ་ད་ ལས་རིམ་དེ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ལས་ གདམ་འཐུ་འབད་མི་ རྩེད་འགྲན་པ་དྲག་ཤོས་ཚུ་ཡོདཔ་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལས་རིམ་གྱི་ དམིགས་ཡུལ་གཙོ་བོ་ར་ མི་ཚེའི་རིང་ གསོ་བའི་གནས་སྟངས་དང་ མི་ཚེ་ནང་ གལ་གནད་ཆེ་བའི་ རིག་རྩལ་ཡར་དྲགས་གཏང་ནི་ དེ་ལས་ སློབ་ཕྲུག་ཚུ་ལུ་ ལས་རིམ་ནང་ བཅའ་མར་གཏོགས་བཅུག་ཐོག་ལས་ མི་ཚེ་དོན་དང་ལྡནམ་སྦེ་ བཞག་ཐབས་དང་ ལྕོགས་གྲུབ་དང་ རིག་རྩལ་ཅན་གྱི་ སློབ་ཕྲུག་ངོས་འཛིན་འབད་དེ་ ན་གཞོན་ཚུ་ལུ་ བློ་སྤོབས་བསྐྱེད་བཅུག་ཐབས་ལུ་ ཨིན་ཟེར་ཨིན་པས།
གཞན་ཡང་ རྒྱ་འབྲུག་མཐུན་འབྲེལ་ མི་ལོ་༥༠ འཁོར་བའི་དུས་སྟོན་ བརྩི་སྲུང་འབད་དོན་ལུ་ཡང་ ཨིན་ཟེར་ འགོ་དཔོན་གྱིས་ བཤདཔ་ཨིན་པས།
གདམ་འཐུ་འབད་མི་ སློབ་ཕྲུག་ཚུ་གིས་ རྩེད་འགྲན་ལས་རིམ་ཁག་༡༣ ནང་ དོ་འགྲན་འབད་ནི་དང་ ཤེས་ཡོན་དང་འབྲེལ་བའི་ ལྟ་སྐོར་དང་ ཕྱི་རུའི་ལས་རིམ་ཚུ་ནང་ གྲལ་གཏོགས་འབད་ནི་ཨིན་པས།
ལས་རིམ་འདི་ ན་གཞོན་དང་རྩེད་རིགས་སྡེ་ཚན་གྱི་ མ་དངུལ་རྒྱབ་སྐྱོར་དང་ འབྲུག་ལུས་རྩལ་ཚོགས་པའི་ འཕྲུལ་རིག་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ སྤྱི་ཟླ་༧ པའི་ཚེས་༧ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *