རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ད་རིས་ དར་ཞུ་ནི།

 ༉ ད་རིས་རང་ཟླ་༤ པའི་ཚེས་༡༥ ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ལྔ་འཛོམས་དང་བསྟུན་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ གསརཔ་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ དར་ཞུ་ནི་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོགམ་ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ འཐུས་མི་རང་རང་སོ་སོ་གིས་ དར་ཞུ་བའི་ཤུལ་ལས་ བསུ་སྟོན་གྱི་ རྟེན་འབྲེལ་བརྩི་ནི་གི་ ས་ཁོངས་ཚུ་ ངོས་འཛིན་འབད་དེ་ཡོདཔ་ལས་ ཁ་དར་ལས་རིམ་དེ་ནང་ ག་གིས་ཡང་ བཅའ་མར་གཏོགས་ཆོག་ཟེར་ཨིན་པས།

འཐུས་མི་ཚུ་གིས་ རང་སོའི་ཉེ་ཚན་དང་ ཆ་རོགས་ཚུ་ བསུ་སྟོན་ལས་རིམ་ནང་ མགྱོནམ་སྦེ་འབོ་སྟེ་ཡོད་ཟེར་ ཁྲི་འཛིན་འོགམ་གིས་ བཤདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ བཙག་འཐུ་གྲུབ་མི་ འཐུས་མི་ཚུ་གིས་ རང་སོའི་འགན་ཁུར་ཚུ་ ཚུལ་མཐུན་སྦེ་ འབག་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་གིས་ གོམས་འདྲིས་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

བསྐྱར་ཞིབ་ཚོགས་ཁང་ནང་ ཁྱད་ལྡན་གྱི་འཐུས་མི་༥ བརྩིས་ཏེ་ འཐུས་མི་བསྡོམས་༢༥ ཡོད་མི་ལས་༡༥ དེ་གསརཔ་ཨིནམ་ད་ འཐུས་མི་༨ ཀྱིས་ གནས་ཡུན་༢ པའི་དོན་ལུ་ ཕྱག་ཞུ་དོ་ཡོདཔ་མ་ཚད་ ཚོགས་སྡེའི་ཁྲི་འཛིན་འོགམ་དང་ ཁྱད་ལྡན་གྱི་འཐུས་མི་ བཀྲ་ཤིས་དབང་མོ་༢ ཀྱིས་ གནས་ཡུན་༣ པ་ ཕྱག་ཞུཝ་ཨིན་པས།

ཚོགས་སྡེའི་དྲུང་ཆེན་ཡིག་ཚང་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འཐུས་མི་ཚུ་གིས་ སྤ་རོ་ལུ་ སྤྱི་ཟླ་༥ པའི་ཚེས་༢༠ དང་༢༣ གྱི་བར་ན་ ཉིན་གྲངས་༣ གྱི་རིང་ དཔལ་འབྱོར་གྱི་གཞི་རྩ་དང་ རྒྱལ་ཡོངས་འཆར་དངུལ་གྱི་ གོ་བསྡུར་ཞལ་འཛོམས་ཅིག་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།

དེ་མ་ཚད་ དྲུང་ཆེན་ཡིག་ཚང་གིས་ འཐུས་མི་ཚུ་གི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༡༦ དང་༡༧ ལུ་ ཐིམ་ཕུག་ལུ་ཉིན་གྲངས་༢ ཀྱི་རིང་ གོམས་འདྲིས་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག།

དེ་བསྒང་ འཐུས་མི་ཚུ་ལུ་ ཕྱི་རྒྱལ་ལུ་ འགྲུལ་སྐྱོད་ལམ་སྟོན་དང་ བསྐྱར་ཞིབ་ཚོགས་ཁང་གི་ བརྡ་བརྒྱུད་ཐབས་བྱུས་ དེ་ལས་ ཐོབ་ལམ་དང་ འདེམས་ཁོངས་ཀྱི་ གནད་དོན་ཚུ་གི་སྐོར་ལས་ གོ་བརྡ་སྤྲོད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *