རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་དང་ ཚོགས་ཆུང་ཚུ་གི་ཁྲི་འཛིན་ དེ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་བར་ན་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་བསྒང་།

རྒྱལ་ཡོངས་ཚོགས་སྡེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འཕྲི་སྣོན་དཔྱད་ཡིག་གུ་ གསུང་གྲོས་གནང་ནི།

༉ གནམ་དགུན་གྱི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་ཐེངས་༢༨ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འཕྲི་སྣོན་དཔྱད་ཡིག་གི་གཙོས་པའི་ དཔྱད་ཡིག་གཞན་ཚུ་དང་ དཔྱད་ཡིག་བསྐྱར་ཞིབ་སྙན་ཞུ་ དེ་ལས་ ལོ་བསྟར་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་ནི་ཨིནམ་མ་ཚད་ གྲོས་ཆོད་དང་ལེན་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་ཟེར་ ཨིན་པས།

ཚོགས་ཐེངས་འདི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་དང་ འབྲུག་གི་ཅ་དམ་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ འབྲུག་གི་ཁྲལ་འཕྲི་སྣོན་དཔྱད་ཡིག་༢༠༢༡ ཅན་མ་ འབྲུག་གི་ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་འཕྲི་སྣོན་དཔྱད་ཡིག་ དེ་ལས་ འབྲུག་གི་མི་སྡེ་ལས་ཚོགས་འཕྲི་སྣོན་དཔྱད་ཡིག་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།

དེ་བཟུམ་སྦེ་ ངན་ལྷད་ཀྱི་གདོང་ལེན་ལུ་ སྤྱི་ཚོགས་ཀྱི་མཐུན་གྲོས་འཕྲི་སྣོན་གུ་ གསུང་གྲོས་གནང་ནི་ཨིནམ་བཞིན་དུ་ ཁྲིམས་བཟོ་ཕྱོགས་སྒྲིགས་དང་ ཆ་མེད་ པར་སྐྲུན་གྱི་ བསྐྱར་ཞིབ་སྙན་ཞུའི་གུ་ གསུང་གྲོས་གནང་ནི་དང་ འབྲུག་རྒྱལ་གཞུང་དང་ བང་ལ་དེཤ་གི་ མི་སེར་ཚུ་གི་བར་ན་ གདམ་ཁ་ཅན་གྱི་ཚོང་འབྲེལ་གན་ཡིག་གུ་ གསུང་གྲོས་གནང་ནི་ དེ་ལས་ གཞུང་དབང་ཚོང་ལས་ཀྱི་ བསྐྱར་ཞིབ་སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་ནི་ཨིན་པས།

དེ་བཟུམ་སྦེ་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་༢༠༢༡ ཅན་མའི་གུ་ གསུང་གྲོས་གནང་ནི་ཨིནམ་མ་ཚད་ ཞི་ཆད་ཀྱི་དཔྱད་ཡིག་གུ་ གྲོས་བསྟུན་འབད་ནི་དང་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ རང་སྲོག་རང་གིས་གཅད་མི་དང་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ གནད་དོན་བསྐྱར་ཞིབ་སྙན་ཞུའི་གུ་ གསུང་གྲོས་གནང་ནི་ཨིན་པས།

རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་༢༠༢༠ ཅན་མའི་གུ་ གསུང་གྲོས་གནང་ནི་ཨིནམ་མ་ཚད་ ཕྱི་རྒྱལ་འགྲོ་འགྲུལ་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་འབད་ནི་དང་ རྒྱལ་ཡོངས་ཀྱི་ ཡོངས་འབྲེལ་རྒྱུན་ཐག་མཐུད་འབྲེལ་ལག་ལེན་དང་ འཛིན་སྐྱོང་གི་ལས་འབྲེལ་རྩིས་ཞིབ་སྙན་ཞུ་ གསུང་གྲོས་གནང་ནི་ཨིན་པས།

རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ སྤྱི་ཟླ་༡༡ པའི་ཚེས་༢༦ རེས་གཟའ་སྤེན་པ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་ལས་རིམ་ འགོ་བཙུགས་གནང་ནི་ཨིནམ་ལས་ ཚོགས་བཞུགས་ལས་རིམ་གྱི་དོན་ལུ་ འཕྲི་སྣོན་དཔྱད་ཡིག་དང་ ལོ་བསྟར་གྱི་སྙན་ཞུ་ དེ་ལས་ གནད་དོན་གཞན་ཚུ་གུ་ གསུང་གྲོས་གནང་ནི་ཨིན་མི་དེ་ གནམ་བྱཱར་གྱི་ ཚོགས་བཞུགས་ལས་རིམ་མཇུག་བསྡུ་བའི་ཤུལ་ལས་ ཚོགས་སྡེའི་ཚོགས་ཆུང་གིས་ གཞུང་དང་ ལས་སྡེ་ གཙུག་སྡེ་ སྒེར་སྡེ་ མི་སྡེ་ཚུ་ནང་ ཞིབ་འཚོལ་དང་ ཞིབ་རྟོགས་བྱུང་མི་ཚུ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་དང་ མི་སྡེ་དང་ལམ་སྲོལ་ཚོགས་ཆུང་ རང་བཞིན་མཐའ་འཁོར་གནས་སྟངས་ཚོགས་ཆུང་ དཔལ་འབྱོར་ལས་དོན་ཚོགས་ཆུང་ དེ་ལས་ དམངས་རྩིས་ཚོགས་ཆུང་གི་ ཁྲི་འཛིན་བཅས་ འཐུས་མི་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ གྲོས་བསྟུན་ཞལ་འཛོམས་ཁང་ནང་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་དང་ ཚོགས་ཆུང་ཚུ་གི་ཁྲི་འཛིན་ དེ་ལས་ གནས་ཚུལ་ལས་ཁང་ཚུ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གི་བར་ན་ གྲོས་བསྟུན་འབད་བའི་སྐབས་ དྲི་བ་དང་ དོགས་སེལ་ཚུ་འབད་ཡི།

རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༨ པ་དེ་ སྤྱི་ཟླ་༡༡ པའི་ཚེས་༢༦ ལས་ འགོ་བཙུགས་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༢༥ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *