རྒྱལ་ཡོངས་ཚོགས་སྡེ་གིས་ གཞུང་དང་ལས་སྡེ་ཚུ་ལུ་ ལམ་ལུགས་ལེགས་བཅོས་ཀྱི་གྲོས་འབུལ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡིག་ཚང་གསརཔ་ཅིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེའི་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་ལུ་ གྲོས་གཞི་བཙུགས་མི་དེ་ ཚོགས་ཆུང་གིས་ རྒྱབ་སྐྱོར་ཕུལ་མ་ཚུགས་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ ལོ་བསྟར་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུའི་མཐའ་དཔྱད་གསུང་གྲོས་གནང་པའི་སྐབས་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་བསྟན་པ་རྡོ་རྗེ་གིས་ ཞུ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཡིག་ཚང་གསརཔ་ཅིག་ གཞི་བཙུགས་འབད་ནིའི་ གྲོས་གཞི་ཕུལ་མི་ལུ་ ཚོགས་ཆུང་གིས་ རྒྱབ་སྐྱོར་འབད་མ་ཚུགས་མི་དེ་ ད་རེས་ རྩ་ཁྲིམས་ཅན་གྱི་གཙུག་སྡེ་ མང་ཤོས་ཅིག་ལུ་ ཡིག་ཚང་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་དོན་ལུ་ཡང་ ཁྲིམས་ཞིབ་ཚོགས་སྡེ་ བཙུགས་དགོཔ་ཡོདཔ་མ་ཚད་ གཙུག་སྡེ་མང་ཤོས་ཅིག་ལུ་ དེ་བཟུམ་གྱི་ ཡིག་ཚང་བཙུགས་དགོཔ་ཡོད་རུང་ ད་ལྟོ་ ཚོགས་སྡེ་གིས་ རྒྱབ་སྐྱོར་ཕུལ་མ་ཚུགས་མི་དེ་ དེའི་དོན་ལུ་ ཁྱད་ཆོས་གཞན་ ལེ་ཤ་དགོ་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ལས་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་གིས་ ད་ལྟོ་ཡོད་པའི་ཡིག་ཚང་ལུ་ ལག་ལེན་འཐབ་དགོ་ནི་ཨིནམ་ད་ གསུང་གྲོས་ཀྱི་སྐབས་ མི་ཚུ་གིས་ རང་སོའི་རྒྱུ་དངོས་ཚུ་ ཚུལ་དང་མཐུནམ་སྦེ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ལུ་ གསལ་སྟོན་འབད་དགོ་པའི་ གནད་དོན་ཚུ་ཡང་ཐོན་ཡི།
སྙན་ཞུའི་ཐད་ཁར་ གསུང་གྲོས་གནང་སྟེ་ གྲོས་འབུལ་གནང་མི་དང་འཁྲིལ་བ་ཅིན་ བདག་སྐྱོང་དང་འབྲེལ་བའི་ ངན་ལྷད་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་ ལས་གཡོག་ལྷན་ཁག་ དེ་ལས་ འབྲེལ་ཡོད་ལས་སྡེ་གཞན་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཐོག་ལས་ ལམ་ལུགས་ཅིག་ བཟོ་དགོཔ་འདུག་ཟེར་ཨིན་པས།
གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ ད་ལས་ཕར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཕྱོག་བཟུང་འབད་མི་ འབག་བཏུབ་དང་མ་བཏུབ་པའི་ རྒྱུ་དངོས་ཚུ་ འཛིན་སྐྱོང་འབད་ཐངས་ཀྱི་ ལམ་ལུགས་ཡང་ ལེགས་བཅོས་འབད་ནུག།
ངན་ལྷད་ཀྱི་ སྙན་ཞུའི་ཐོག་ལུ་ ཚོགས་སྡེ་གིས་ གསུང་གྲོས་གནང་སྟེ་ ལམ་ལུགས་ལེགས་བཅོས་འབད་དགོ་པའི་དྲན་གསོའི་ གྲོས་འབུལ་ཐོག་ལས་ གཞུང་དང་འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཕུལ་ནིའི་དོན་ལུ་ རྒྱབ་སྐྱོར་ཡོད་མེད་ཀྱི་ ཚོགས་རྒྱན་བཙུགས་པའི་སྐབས་ ཚོགས་ཁང་ནང་ཡོད་མི་ འཐུས་མི་༢༡ ག་ར་གིས་ དགོ་གི་ཚོགས་རྒྱན་ བཙུགས་མི་ལུ་བརྟེན་ གྲོས་འབུལ་དེ་ ལས་སྡེ་ཚུ་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *