གནས་ཚུལ་ཞལ་འཛོམས་ནང་ གྲལ་གཏོགས་འབད་མི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ།

རྒྱལ་ཡོངས་ཚོགས་སྡེ་གིས་ བཅའ་ཡིག་ཁག་༧ དང་ སྲིད་བྱུས་༥ ཆ་འཇོག་འབད་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༡༩ པའི་ནང་ བཅའ་ཡིག་ཁག་༧ དང་ སྲིད་བྱུས་༥ ཆ་འཇོག་འབད་ཡོདཔ་མ་ཚད་ དྲི་བཀོད་ལས་རིམ་ཁག་༥ འགོ་འདྲེན་འཐབ་ནུག།

དེ་བཟུམ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༠ པའི་ནང་ དཔྱད་ཡིག་༢ ཡོདཔ་ད་ དེ་ཡང་ འབྲུག་གི་དངུལ་ཟོལ་བཀག་སྡོམ་དང་ དྲག་ཐོག་དབང་བཙོང་གི་ མ་དངུལ་བཀག་ཐབས་དཔྱག་ཡིག་དང་ འབྲུག་གི་བརྡ་དོན་དང་བརྒྱུད་འབྲེལ་དབང་འཛིན་གྱི་ དཔྱད་ཡིག་ཚུ་ གྲོས་བསྡུར་འབད་ནི་ཨིན་པས།
དེ་བཟུམ་སྦེ་ ས་གཏེར་དང་རྡོ་གཏེར་གྱི་བཅའ་ཁྲིམས་༡༩༩༥ ཅན་མ་དེ་ ག་དེ་སྦེ་ བསྒྱུར་བཅོས་འབད་ནི་ཨིན་ན་དང་ མི་ཉམ་ཆུང་ཚུ་གི་དོན་ལུ་ ཁྲིམས་ཀྱི་ཞབས་ཏོག་དོན་ལུ་ མ་དངུལ་བཞག་ནི་དེ་ ལོ་བསྟར་བཞིན་དུ་ མར་འབབ་འགྱོ་དོ་ཡོདཔ་ལས་ དགུན་གྱི་ཚོགས་ཐེངས་ནང་ དེ་ཚུ་ ག་དེ་སྦེ་ སྤྱོད་ནི་ཨིན་ནའི་ ལམ་ལུགས་བཟོ་ནི་དང་ དྭངས་གསལ་ཐོག་ལས་ ག་དེ་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་ནའི་ ལམ་ལུགས་ཚུ་ ངོས་འཛིན་འབད་ནི་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་ ཚེ་རིང་རྡོ་རྗེ་གིས་ ཚོགས་སྡེའི་ཁ་ཐུག་ལས་ རྒྱལ་སྤྱིའི་པེ་རིས་ཆིངས་ཡིག་དང་ འབྲུག་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་བར་ན་ ཚོང་གི་གན་ཡིག་གཉིས་ ལེགས་བཅོས་འབད་ཡི་ཟེར་ ཁ་ཙ་ བརྡ་བརྒྱུད་ཞལ་འཛོམས་ནང་ བཤད་ཅི།
དེ་བཟུམ་སྦེ་ ཏི་རུའི་དཔྱད་ཡིག་ཁག་༤ གུ་ གསུང་གྲོས་གནང་མིའི་གྲས་ལས་ འཆར་དངུལ་གྱི་གསུང་གྲོས་ནང་ རྩིས་ལོ་༢༠༡༥-༢༠༡༦ གི་ ལྷན་ཐབས་འཆར་དངུལ་དེ་ ན་ཧིང་ གཞུང་གིས་ གནང་བ་སྤྲོད་ནི་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ འབད་ཡོདཔ་སྦེ་ བཤད་ཅི།
དེ་བཟུམ་སྦེ་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་ འཆར་དངུལ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་འགྲུབ་ཞིནམ་ལས་ གྲོས་འདེབས་ཁག་༩ དང་གཅིག་ཁར་ ཕུལ་ཡོདཔ་སྦེ་ཨིནམ་ད་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་དང་ ཆ་འཇོག་འབདཝ་དང་གཅིག་ཁར་ གྲོས་འདེབས་ཁག་༥ བཀོད་ཡོདཔ་ཨིན་པས།
འབྲུག་གི་དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དཔྱད་ཡིག་དེ་ ཚོགས་སྡེའི་འཐུས་མི་༧ གྱིས་ བཏུབ་དང་༨ ཀྱིས་མི་བཏུབ་ དེ་ལས་༩ གིས་ འཛེམ་སྡོདཔ་ལས་ ཏི་རུ་གི་དཔྱད་ཡིག་སྦེ་ ཆ་འཇོག་འབད་མ་ཚུགས་པར་ ཆ་མེད་བཏང་ཡི།
དེ་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ དཔྱད་ཡིག་ཅིག་ ཆ་འཇོག་འབད་དེ་ དགུན་གྱི་ཚོགས་ཐེངས་ནང་ གསུང་གྲོས་གནང་ནི་སྦེ་ཨིནམ་ད་ སྲིད་བྱུས་དང་འབྲེལ་བ་ཡོད་མི་ ས་གཏེར་དང་རྡོ་གཏེར་གྱི་བཅའ་ཁྲིམས་༡༩༩༥ ཐད་ཁར་ འབྲེལ་བ་ཡོད་པའི་གྲོས་གཞི་བྱུང་ཡོདཔ་སྦེ་ ཁྲི་འཛིན་གྱིས་ བཤད་ཅི།
དེ་བཟུམ་སྦེ་ དྲི་བཀོད་ལས་རིམ་ཁག་༦ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དྲི་བ་ཚུ་ཡང་ ལམ་སྲོལ་ཚོགས་ཆུང་གི་ཁ་ཐུག་ལས་ ལྟ་བཤལ་གྱི་སྲིད་བྱུས་སྐོར་ལས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ ཕྱི་མི་རྒྱལ་ཁབ་ནང་ཡོད་མི་ཚུ་ ཡིག་ཚང་ནང་ འགྱོ་བའི་སྐབས་ ཁོང་རའི་གྱོན་ཆས་གྱོན་སྟེ་ སྒྲིག་གོ་མ་གྱོན་མིའི་ཐད་ཁར་ ཧེ་མ་ཡང་ མ་བཏུབ་བཏུབ་སྦེ་ ཞིབ་འཚོལ་འབད་དེ་ གཞུང་ལུ་ གྲོས་འདེབས་ཕུལ་ཡོདཔ་ལས་ དེ་གི་ཐད་ཁར་ བསྟར་སྤྱོད་ཚུ་ག་དེ་སྦེ་ འབད་དོ་ཡོདཔ་ཨིན་ན་དང་ ཤིང་མཁར་སྒོར་གཱན་གྱི་ ཕྲང་ལམ་གནས་ཚད་ ག་ཏེ་ལྷོད་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བ་བཀོད་ཡོདཔ་སྦེ བཤད་ཅི།
དེ་ལས་ ཤེས་རིག་བློན་པོ་ལུ་ ཤེས་རིག་གི་ སྲིད་བྱུས་བསྐྱར་ཞིབ་འབད་དགོཔ་བཞིན་དུ་ སོ་ནམ་བློན་པོ་ལུ་ རྒྱལ་ཁབ་ནང་ སྲོག་གཅོད་ཁང་ ག་དེ་སྦེ་ གཞི་བཙུགས་འབད་དེ་ ཡོདཔ་ཨིན་ན་དང་ གཞུང་གི་སྲིད་བྱུས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ནའི་ དྲི་བ་ཚུ་བཀོད་ནུག།
དེ་བཟུམ་སྦེ་ གནད་དོན་སྣ་ཚོགས་ནང་ རྩ་ཁྲིམས་ཆེན་མོའི་ གོ་གནས་འཆང་མི་ཚུ་ལུ་ འགན་འཁྲི་ག་དེ་སྦེ་ བཀལ་དོ་ཡོདཔ་ཨིན་ན་དང་ ད་ལྟོ་ཚུན་ཚོད་ ཕྱིར་དབྱུང་འབད་དོ་ཡོདཔ་ཨིན་རུང་ ཕྱིར་དབྱུང་ལུ་ གཞི་བཞག་ནིའི་དོན་ལས་ དཔྱད་ཡིག་ཅིག་ ཚོགས་སྡེ་གིས་ འགོ་འདྲེན་འཐབ་སྟེ་ དགུན་གྱི་ཚོགས་ཐེངས་ནང་ ཕུལ་ནི་ཨིན་པས།
དེ་ལས་ འབྲུག་མི་ ཕྱིའི་རྒྱལ་ཁབ་ནང་ རྩིས་ཁྲ་དང་ ཅ་ཆས་ཉོ་ཡོད་མི་ཚུ་ རྒྱལ་ཁབ་ནང་ སྟབས་མ་བདེཝ་འཐོན་ནི་གི་ ཉེན་ཁ་ཡོདཔ་ལས་ སྔོན་གོང་ལས་ ཁྲིམས་དྭངས་གསལ་གྱི་ཐོག་ལས་ ག་དེ་སྦེ་ བཞག་ནི་ཨིན་ནའི་སྐོར་ལས་ འདས་པའི་ཚོགས་ཐེངས་ནང་ གཞུང་གིས་ དཔྱད་ཡིག་ཅིག་ ཟིན་བྲིས་བཏབ་ཡོདཔ་ཨིན་རུང་ གཞུང་ དལ་ཁོམ་མེདཔ་ལས་ ཚོགས་སྡེའི་ཚོགས་ཆུང་ཅིག་གིས་ འགོ་འདྲེན་འཐབ་སྟེ་ བཟོ་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ ཁྲི་འཛིན་འོག་མ་གིས་བཤད་ཅི།
ལོ་བསྟར་བཞིན་དུ་ ཚོགས་ཐེངས་མཇུག་བསྡུ་བའི་ཤུལ་ལུ་ སྐྱོན་དང་ཡོན་ཏན་ཚུ་ བརྗེ་སོར་འབད་ནིའི་དོན་ལས་ ཞལ་འཛོམས་འགོ་འདྲེན་འཐབ་སྲོལ་ཡོདཔ་དོ་བཟུམ་སྦེ་ ད་རེས་ ཚོགས་ཐེངས་མཇུག་བསྡུ་བའི་ཤུལ་ལུ་ ཉིན་གྲངས་༣ གྱི་རིང་ ཞལ་འཛོམས་འགོ་འདྲེན་འཐབ་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *