༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ཀྱི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་མི་ལུ་བརྟེན་ རྩི་རང་དང་ མོང་སྒར་རྫོང་ཁག་༢ ངོས་འཛིན་འབད་ཡོདཔ་ཨིན་པས།
རྫོང་ཁག་༢༠ ལས་ དྲག་ཤོས་ཀྱི་གདམ་ཁ་དེ་ཡང་ བཙག་འཐུ་དང་འབྲེལ་བའི་ལས་སྣ་ཁག་༡༡ དེ་ཅིག་ལུ་ གཞི་བཞག་སྟེ་རྐྱབ་ཡོདཔ་ད་ དབྱེ་ཞིབ་ཡང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་དང་ རྫོང་ཁག་ཆེ་ཆུང་དང་ རྒེད་འོག་གི་གྱངས་ཁ་ཚུ་ནང་ གཞི་བཞག་ཡོདཔ་བཞིན་དུ་ གཞན་ཡང་ འཕྲུལ་ཆས་དང་ཚོགས་རྒྱན་བཙུགས་པར་འོང་མི་ཚུ་ལུ་ གཞི་བཞག་ཡོདཔ་ཨིན་པས།
དེ་ལས་ ལྷན་ཚོགས་ཀྱིས་ བཙག་འཐུ་གི་ བྱ་སྒོའི་ལམ་ལུགས་དང་འཁྲིལ་ འཇོན་ཐངས་དང་དོན་སྨིན་ཅན་གྱི་ཐོག་ལས་ བཙག་འཐུ་འགོ་འདྲེན་འཐབ་མ་འཐབ་ཚུ་ཡང་ དབྱེ་ཞིབ་འབད་ཡོདཔ་ད་ སྤྱིར་བཏང་ཚོགས་རྒྱན་བཙུགས་པར་འོང་མི་དང་ བཙག་འཐུ་དེ་ ག་དེ་སྦེ་སོང་ཡི་ག་ དེའི་སྙན་ཞུ་ཚུ་ལུ་ཡང་ གཞི་བཞག་ཅི་ཟེར་ཨིན་པས།
རྩི་རང་གི་ བཙག་འཐུ་འགོ་དཔོན་ སྐྱིད་པུ་བཟང་པོ་གིས་ སླབ་མིའི་ནང་ བཙག་འཐུ་ནང་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་དེ་ ངོས་འཛིན་འབད་དགོཔ་འོང་ཟེར་ཨིནམ་ད་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྒྱབ་སྐྱོར་དང་བཀོད་ཁྱབ་ལེགས་ཤོམ་ གནང་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གྲུབ་འབྲས་དེ་བཟུམ་ཐོན་མི་དེ་ བཙག་འཐུ་འགོ་འདྲེན་འཐབ་མི་ གཙོ་འཛིན་གོང་མ་དང་འོག་མ་ ངོས་ལེན་འགོ་དཔོན་དང་ ལྟ་རྟོག་པ་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཨིནམ་ད་ གཞན་ཡང་རྩིས་འཛིན་པ་དང་ ཚོགས་རྒྱན་འགོ་དཔོན་ དེ་ལས་ ས་གནས་གཞུང་གི་འགོ་དཔོན་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ངོས་འཛིན་ཡི་གུ་དང་འཁྲིལ་བ་ཅིན་ ལྷན་ཚོགས་ཀྱིས་ ཚོར་སྣང་ངོས་ལེན་གྱི་སྒོ་ལས་ བཙག་འཐུ་དེ་ ག་དེ་སྦེ་འགོ་འདྲེན་འཐབ་ཅི་ག་ དབྱེ་ཞིབ་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གི་ བཙག་འཐུ་མཇུག་བསྡུ་ཞིནམ་ལས་ ངོས་ལེན་གྱི་ ཚད་གཞི་ཅིག་ བཟོ་ཡི་ཟེར་ཨིན་པས།
ངོས་འཛིན་ཡི་གུ་ནང་ སྤྱི་ཚོགས་ཀྱི་བཙག་འཐུ་ནང་ བཙག་འཐུ་འགོ་དཔོན་ཚུ་གིས་ མཉམ་འབྲེལ་དང་ བརྩོན་ཤུགས་ཀྱི་སྒོ་ལས་ བཙག་འཐུ་འགོ་འདྲེན་འཐབ་ནུག་ཟེར་ཨིནམ་ད་ རྫོང་ཁག་ག་ར་གིས་ ལྷན་ཚོགས་ཀྱི་རེ་བ་ལས་ལྷག་སྟེ་ བཙག་འཐུ་འགོ་འདྲེན་འཐབ་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྩི་རང་དང་ མོང་སྒར་རྫོང་ཁག་༢ ནང་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ ངལ་རངས་ཀྱི་དགའ་ཚོར་ལུ་ ཐའི་ལེནཌ་གི་རྒྱལ་ཁབ་ནང་ ཤེས་ཡོན་ལྟ་སྐོར་འབད་བར་ གཏང་ནི་ཨིན་པའི་གནས་ཚུལ།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …