བསམ་རྩེའི་རྩེད་འགྲན་པ་ཅིག་གིས་ བཱོལ་ལོག་རྐྱབ་ནི་གི་ དཔའ་བཅམ་པའི་བསྒང་།

རྒྱལ་ཡོངས་གནས་ཚད་ཀྱི་ བི་ལོ་བཱོལ་རྩེད་འགྲན་ནང་ བསམ་རྩེ་གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་ཐང་ནང་ རྒྱལ་ཡོངས་གནས་ཚད་ཀྱི་ བོ་ལི་བཱོལ་རྩེད་འགྲན་ ཐེངས་༣ པའི་ནང་ བསམ་རྩེ་རྩེད་རིགས་ཚོགས་པའི་ སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
སྤུ་ན་ཁ་རྩེད་རིགས་ཚོགས་པའི་ སྡེ་ཚན་གྱི་བར་ན་ མཐའ་བཅད་འགྲན་བསྡུར་འབདཝ་ད་ སྡེ་ཚན་༢ ཆ་ར་གིས་ སྐུགས་༢ རེ་ ཆོད་ཡོད་རུང་ རྒྱལ་ཕམ་གྱི་ རྩེད་འགྲན་འབད་བའི་སྐབས་ བསམ་རྩེ་སྡེ་ཚན་གྱིས་ སྐུགས་༡ ཐེབས་ཆོད་དེ་ དབང་འདུས་ཕོ་བྲང་རྩེད་རིགས་ཚོགས་པ་ལས་ རྒྱལ་ཁ་ཐོབ་སྟེ་ མཐའ་བཅད་འགྲན་བསྡུར་ནང་ལྷོད་མི་ སྤུ་ན་ཁའི་སྡེ་ཚན་ ཕམ་བཏང་ཡི།
རྩེད་འགྲན་ནང་ ལྟདམོ་བལྟ་མི་ བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་ཡོདཔ་བཞིན་དུ་ ཁོང་གིས་འབད་བ་ཅིན་ མ་གཞི་ སྐོར་ཐེངས་དང་པའི་ཤུལ་ལས་ སྤུ་ན་ཁ་རྫོང་ཁག་གིས་ རྒྱལ་ཁ་འཐོབ་ནི་ལུ་ འོས་འབབ་སྦོམ་ མཐོང་ཡོད་རུང་ སྐོར་ཐེངས་མཇུག་ལུ་ལྷོདཔ་ད་ སྡེ་ཚན་གྱི་ རྩེད་འགྲན་པ་ཚུ་གིས་ བདག་མེད་སྦེ་ རྩེད་མི་ལུ་བརྟེན་ ཕམ་སོ་ཡི་ཟེར་ཨིན་པས།
རྒྱལ་ཡོངས་བོ་ལི་བཱོལ་ཚོགས་སྡེ་གིས་ རྒྱལ་ཡོངས་གནས་ཚད་ཀྱི་ རྩེད་འགྲན་འགོ་འདྲེན་འཐབ་སྟེ་ ལོ་༣ ལང་རུང་ ད་ཚུན་གྱི་བར་ན་ ཨམ་སྲུའི་སྡེ་ཚན་ ཕུད་རྡོག་གཅིག་ཡང་ བཅའ་མར་གཏོགས་མི་ མ་ཐོན་པས།
རྩེད་འགྲན་པ་ཚུ་གིས་ སླབ་མིའི་ནང་ བོ་ལི་བཱོལ་གྱི་རྩེདམོ་དེ་ རྒྱལ་ཁབ་ནང་ ཧེ་མ་ལས་ར་ རྩེད་སྲོལ་ཡོད་རུང་ ཡོངས་གྲགས་འགྱོ་མ་ཚུགས་པས་ཟེར་ཨིན་པས།
འབྲུག་བཱོལ་ལི་བཱོལ་ཚོགས་སྡེའི་འོག་ལུ་ རྫོང་ཁག་རྩེད་རིགས་ཚོགས་པ་༡༤ ཡོད་མིའི་གྲས་ལས་ ད་རེས་ ཕུན་ཚོགས་གླིང་རྩེད་རིགས་ཚོགས་པ་དང་ དབང་འདུས་ཕོ་བྲང་ བསམ་གྲུབ་ལྗོངས་མཁར་ སྤ་རོ་ བསམ་རྩེ་ བཀྲིས་སྒང་ སྤུ་ན་ཁ་ གསར་སྤང་བརྩིས་ཏེ་ སྡེ་ཚན་༨ ཀྱིས་ བཅའ་མར་གཏོགས་ནུག།
ན་ཧིང་ སྡེ་ཚན་༡༠ གྱིས་ གྲལ་གཏོགས་འབད་ཡོདཔ་ད་ ཉིན་གྲངས་༣ གྱི་རིང་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་དེ་ཡང་ བོ་ལི་བཱོལ་གྱི་ རྩེད་འགྲན་དེ་ རྒྱལ་ཁབ་ནང་ ཡར་དྲག་གཏང་ཐབས་ལུ་ཨིན་པས།
ཨང་དང་པ་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༣༠,༠༠༠ དང་གཅིག་ཁར་ ལག་ཁྱེར་དང་ རྒྱལ་རྟགས་ཚུ་ བྱིན་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *