ཨམ་སྲུ་ཚུ་གིས་ མགར་ས་ཚ་ཆུ་ལས་ བང་རྒྱུག་འགོ་བཙུགས་པའི་བསྒང་།

རྒྱལ་བཙུན་བཞེས་པའི་ དུས་དྲན་བརྩི་སྲུང་དོན་ལུ་ བང་རྒྱུག་ལས་རིམ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་བཙུན་བཞེས་ཏེ་ ལོ་ངོ་༡༠ འཁོར་བའི་ དུས་དྲན་བརྩི་སྲུང་དང་འབྲེལ་ རྫོང་ཁག་༢༠ ལས་ ཨམ་སྲུ་༢༠ གིས་ མགར་ས་ལུ་ བང་རྒྱུག་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མགར་ས་རྫོང་ཁག་གི་ངོ་ཚབ་ ཀརྨ་གཡང་སྒྲོན་གྱིས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།

སྐྱེས་ལོ་༣༠ ལང་མི་ ཀརྨ་གཡང་སྒྲོན་གྱིས་ ཀི་ལོ་མི་ཊར་༡༧.༥ འབད་མི་ བང་རྒྱུག་དེ་ དུས་ཡུན་ཆུ་ཚོད་༢ དང་སྐར་མ་༨ ལུ་ མཇུག་བསྡུ་སྟེ་ ཨང་དང་པ་ཐོན་ཡོདཔ་ལས་ མོ་ར་ སེམས་དགའ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༦ ལུ་ཡང་ ལ་ཡ་བང་རྒྱུག་ནང་ལས་ དྲག་ཤོས་ཐོན་ཡོདཔ་ཨིན་པས།

ཀརྨ་གཡང་སྒྲོན་གྱི་ཤུལ་ལས་ སྐར་མ་༨ ལུ་ བུམ་ཐང་རྫོང་ཁག་གི་ངོ་ཚབ་ ཕུན་ཚོགས་དབང་མོ་གིས་ ཨང་༢ པ་ཐོན་ཡོདཔ་ད་ ཨང་༣ པ་དེ་ ཧཱ་དང་ བཀྲིས་སྒང་ལས་ ཨམ་སྲུ་༢ ཡོདཔ་ཨིན་པས།

སྐྱེས་ལོ་༢༢ ལང་མི་ ཕུན་ཚོགས་དབང་མོ་གིས་ ཨང་༢ པ་དང་༣ པ་དེ་ སྐྱེས་ལོ་༣༩ ལང་མི་ བཀྲིས་ཆོས་འཛོམས་ཨིནམ་ད་ རྫོང་ཁག་༢༠ གི་གྲས་ལས་ སྤ་རོའི་ ངོ་ཚབ་ཨམ་སྲུ་མ་གཏོགས་ གཞན་ག་རང་གིས་ ཀི་ལོ་མི་ཊར་༡༧.༥ འབད་མི་བང་རྒྱུག་ མཇུག་བསྡུ་ཡོདཔ་ཨིན་པས།

སི་ནོ་མེན་བང་རྒྱུག་ཡིག་ཚང་གིས་ འདི་བཟུམ་མའི་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ མི་དབང་མཆོག་གིས་ རྒྱལ་བཙུན་བཞེས་ཏེ་ ལོ་ངོ་༡༠ འཁོར་བའི་ དུས་དྲན་བརྩི་སྲུང་ཞུ་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།

དེ་བཟུམ་སྦེ་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ བསྒྱུར་བཅོས་འབག་འོང་ནི་དང་ གངས་རི་ལྟ་བཤལ་ ས་གནས་གཞུང་སྐྱོང་ནང་ ཕོ་མོ་འདྲ་མཉམ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ཨིན་པས།

དེ་ལས་ བང་རྒྱུག་ལས་རིམ་ནང་ ཨོམ་འཐུང་མི་ ཨའི་ལས་འགོ་བཟུང་སྟེ་ བཅའ་མར་གཏོགས་ཐབས་ལུ་ཨིན་པས།

གནམ་གཤིས་འགྱུར་བགྲོད་དང་ གདོང་ལེན་ཚུ་གི་སྐོར་ལས་ གོ་བརྡ་སྤེལ་ནི་ཨིན་པའི་ཁར་ ལ་ཁར་ ས་རུད་ཆད་མི་གིས་ མི་༡༠ གྱི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཡོདཔ་བཞིན་དུ་ མགར་ས་ཚ་ཆུ་དེ་ཡང་ ཆུ་རུད་ཀྱིས་ རྩ་བ་ལས་ར་ འཕྱགས་བདའ་བའི་རྐྱེན་ངན་ཚུ་ལུ་བརྟེན་ གནམ་གཤིས་འགྱུར་བགྲོད་ལུ་ ཨམ་སྲུ་ཚུ་གིས་ གདོང་ལེན་འབད་གེ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ད་རེས་ཀྱི་ བང་རྒྱུག་ལས་རིམ་དེ་ སྤྱི་ལོ་༢༠༢༢ ཟླ་༡༠ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ ཆ་ཤས་ཅིག་ཨིནམ་ད་ དེ་ནང་ ཨམ་སྲུ་༣༠ གིས་ བཅའ་མར་གཏོགས་མིའི་གྲས་ལས་ འབྲུག་ལས་ཨམ་སྲུ་༨ དང་ རྒྱལ་སྤྱི་ལས་ ཨམ་སྲུ་༢༢ ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གིས་ ཉིན་གྲངས་༥ འི་རིང་ མགར་ས་རྫོང་ལས་ བུམ་ཐང་ལྕམ་མཁར་ཁྲོམ་ཚུན་ འགྱོ་དགོཔ་ཨིན་པས།

ད་རེས་ཀྱི་ ལས་རིམ་ལུ་བརྟེན་ སི་ནོ་མེན་བང་རྒྱུག་ཡིག་ཚང་དང་ འབྲུག་ལུ་གྲོགས་རམ་བྱིན་མི་ཚུ་གིས་ མགར་ས་ཚ་ཆུ་ཉམས་བཅོས་འབད་ནིའི་དོན་ལུ་ དངུལ་ཀྲམ་༥༠༠,༠༠༠ ཞལ་འདེབས་བྱིན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *