ལག་པའི་དཔུང་ཤུགས་ འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་མི་ ལྷཔ་ཅུ།

རྒྱལ་ཁབ་ནང་ དཔུང་ཤུགས་འགྲན་བསྡུར་ཐེངས་༡ པ་ འགོ་འདྲེན་འཐབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ ལྷཔ་ཅུ་གིས་ ལག་པའི་དཔུང་ཤུགས་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།

ཁོ་གིས་ མཐའ་བཅད་འགྲན་བསྡུར་དང་ མོང་སྒར་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་དབང་འདུས་དང་གཅིག་ཁར་ དོ་འགྲན་འབདཝ་ད་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

དཔུང་ཤུགས་འགྲན་བསྡུར་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ཐིམ་ཕུག་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཨང་དང་པ་ཐོན་མི་ལུ་ གསོལ་རས་དངུལ་ཀྲམ་༡༢༠,༠༠༠ གནས་པའི་ གློག་ཤུགས་སི་ཀུ་ཊར་ཅིག་དང་ ཨང་༢ པ་ཐོན་མི་ལུ་ དངུལ་ཀྲམ་༡༠༥,༠༠༠ གནས་པའི་ གློག་ཤུགས་སི་ཀུ་ཊར་ཅིག་ དེ་ལས་ རྒྱལ་རྟགས་ཚུ་ཡང་ བྱིན་ཡོདཔ་ཨིན་པས།

དཔུང་ཤུགས་འགྲན་བསྡུར་ལས་རིམ་དེ་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ གནང་བ་བྱིན་པའི་ཤུལ་ལས་ ལས་སྡེ་ཅིག་ཨིན་མི་ འབྲུག་ཁྱད་འཕགས་འགྲན་བསྡུར་གྱི་ འགོ་འདྲེན་པ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ད་ལས་ཕར་ དཔུང་ཤུགས་འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོད་པའི་ཁར་ ཤུལ་མའི་ དཔུང་ཤུགས་འགྲན་བསྡུར་དེ་ ཨམ་སྲུ་ཚུ་གི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

ད་རེས་ཀྱི་ འགྲན་བསྡུར་ནང་ ཕོ་སྐྱེས་༤༥ གིས་ བཅའ་མར་གཏོགས་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ ཡོངས་གྲགས་ཅན་གྱི་ འཁྲབ་རྩེདཔ་དང་ དགོད་བྲ་སྒྱུར་མི་ མགོནམ་ཚེ་རིང་ དེ་ལས་ ཕུརཔ་འཕྲིན་ལས་༢ ཀྱིས་ཡང་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *