བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ཌི་ཇི་ཊཱལ་གྱི་ ས་གཏེར་ལམ་ལུགས་གསརཔ་ འགོ་འབྱེད་འབད་བའི་བསྒང་།

རྒྱལ་ཁབ་ནང་ ཌི་ཇི་ཊཱལ་གྱི་ ས་གཏེར་ལམ་ལུགས་གསརཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཐིམ་ཕུག་ལུ་ ས་གཏེར་ལས་ཁུངས་ཀྱིས་ འབྲུག་ལུ་ ཡོངས་འབྲེལ་གྱི་ ལམ་ལུགས་ཆ་ཚང་སྤྲོད་ནིའི་ ཆ་ཤས་ཅིག་སྦེ་ ཡོངས་འབྲེལ་ཐོག་གི་ མི་མང་ཞབས་ཏོག་ཚུ་ གཞི་སྒྱུར་འབད་ནིའི་དོན་ལས་ ས་གཏེར་བདག་སྐྱོང་ལམ་ལུགས་གསརཔ་ འགོ་འབྱེད་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་དང་འཁྲིལཝ་ད་ དེ་བཟུམ་མའི་ གཅིག་སྒྲིལ་ཡོངས་འབྲེལ་གོ་སྐབས་ཀྱིས་ མི་མང་ལུ་ དྭངས་གསལ་དང་ འགན་འཁྲིའི་ལམ་ལུགས་ བཟོ་ཚུགས་ནི་ཨིནམ་ད་ ལམ་ལུགས་དེ་ བཟོ་དགོ་པའི་ དམིགས་ཡུལ་འགྲུབ་ཐབས་ལུ་ ལམ་ལུགས་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ མི་ཚུ་ལུ་ ཤེས་ཡོན་སྤྲོད་དགོཔ་བཞིན་དུ་ ལམ་ལུགས་དེ་ ལག་ལེན་འཐབ་ངོ་བདེ་ཏོག་ཏོ་ བཟོ་དགོ་ཟེར་ཨིན་པས།
ས་གཏེར་ལས་ཁུངས་ཀྱི་མདོ་ཆེན་ ཕུན་ཚོགས་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གཏེར་བདག་སྐྱོང་ལམ་ལུགས་ཀྱིས་ ས་ཁམས་རིག་པ་དང་ ས་གཏེར་ཐོན་ཁུངས་ དེ་ལས་ དེའི་འཛིན་སྐྱོང་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནི་ཨིནམ་བཞིན་དུ་ རྒྱལ་ཁབ་ནང་ ས་གཏེར་དང་ རྡོ་གཏེར་ཚུ་ ལྟ་རྟོག་དམ་དམ་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གཏེར་བདག་སྐྱོང་ལམ་ལུགས་དེ་གིས་ ས་གཏེར་གྱི་དོན་ལུ་ སྤྱིར་བཏང་ཞུ་ཡིག་གི་བྱ་སྒོ་ཚུ་ ཡར་དྲག་བཟོ་ནི་ཨིནམ་བཞིན་དུ་ ཞུ་ཡིག་བཙུགས་ནི་དང་ ཞུ་ཡིག་བཙུགས་མི་ཚུ་ལུ་ གནས་སྟངས་གྱི་ སྙན་ཞུ་སྤྲོད་ནི་ དེ་ལས་ ཁེ་རྒུད་འཆང་མི་ཚུ་ལས་ སྡེ་ཚན་གྱི་ ཉོགས་མེད་ཚུ་ ལེན་ནི་ལ་སོགས་པའི་ གོ་སྐབས་ཅིག་སྦེ་ གནས་འོང་ཟེར་ཨིན་པས།
ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ངོ་ཚབ་ ཆ་བི་ལཱལ་དི་ཏཱལ་གྱིས་ སླབ་མིའི་ནང་ ས་གཏེར་བདག་སྐྱོང་ལམ་ལུགས་ གོ་རིམ་༢ པ་དེ་ ལོ་༥ འི་འཆར་གཞི་༡༢ པའི་ བརྡ་དོན་དང་བརྒྱུད་འགྲུལ་འཕྲུལ་རིག་གི་ ཆ་ཤས་ཅིག་སྦེ་ བཟོ་ཡོདཔ་བཞིན་དུ་ འཛམ་གླིང་དངུལ་ཁང་གིས་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ གོ་རིམ་དང་པ་དེ་ ས་གཏེར་གྱི་ བརྡ་དོན་དང་ འོང་འབབ་ཆ་ཚན་ཨིན་ཟེར་ཨིན་པས།
དེ་ལས་ གོ་རིམ་༢ པ་དེ་ གཞུང་གི་རྒྱབ་སྐྱོར་ཐོག་ལས་ ས་གཏེར་གླ་ཁར་གཏང་ནི་དང་ དེ་དང་མཐུན་པའི་ ལྟ་རྟོག་ཆ་ཚན་ཨིནམ་ད་ ལམ་ལུགས་དེ་གིས་ ཡོངས་འབྲེལ་ཐོག་གི་ ཞུ་ཡིག་བཙུགས་ནིའི་བྱ་རིམ་དང་ ས་གཏེར་དང་འབྲེལ་བའི་ ལས་སྣ་ལ་སོགས་པ་ཚུ་ ལྟ་རྟོག་འབད་ནི་ཨིན་པས།
དངུལ་ཀྲམ་ས་ཡ་༣.༤༣ འབད་མི་ ལམ་ལུགས་དེ་ སྤྱི་ལོ་༢༠༡༩ ལུ་ བཟོ་ཡོདཔ་བཞིན་དུ་ བསྟན་རྒྱས་བློན་པོ་གིས་ འབྲུག་གི་ ས་ཁམས་ཚན་རིག་དང་ གནས་དེབ་བྱུང་རིམ་༣ པ་ཡང་ འགོ་འབྱེད་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *