རྒྱལ་ཁབ་༤ གི་ གཞུང་ཚབ་ཚུ་གིས་ མི་དབང་མངའ་ཞབས་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

༉ ཁ་ཙ་ རྒྱལ་ཁབ་༤ གི་ གཞུང་ཚབ་ཚུ་གིས་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཕུལ་ཡོདཔ་ཨིན་པས།
དེ་ཡང་ འབྲུག་གི་དོན་ལུ་ པོ་ལེནཌ་གི་གཞུང་ཚབ་ ཨ་དམ་ བུ་ར་ཀོསི་ཀི་དང་ ཕི་ལེནཌ་གི་གཞུང་ཚབ་ ཧ་རི་ ཀ་ལི་ ཀ་མ་རའི་ནེན་ སུ་ཡི་ཌེན་གྱི་གཞུང་ཚབ་ ཀ་ལཱསི་ མོ་ལིན་ དེ་ལས་ མི་ཡཱན་མར་སྤྱི་མཐུན་མི་སེར་རྒྱལ་ཁབ་ཀྱི་གཞུང་ཚབ་ མོའོ་ཀེའོ་ཨང་ཚུ་ཨིན་པས།
འབྲུག་གིས་ པོ་ལེནཌ་དང་ ཕི་ལེནཌ་ སུ་ཡི་ཌེན་ མི་ཡཱན་མར་རྒྱལ་ཁབ་ཚུ་དང་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་དེ་ སྤྱི་ལོ་༢༠༡༢ དང་༡༩༨༦ དེ་ལས་ སྤྱི་ལོ་༡༩༨༥ དང་༢༠༡༢ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཕི་ལེནཌ་གི་གཞུང་ཚབ་ ཧ་རི་ ཀ་ལི་ ཀ་མ་རའི་ནེན།
མི་ཡཱན་མར་གྱི་གཞུང་ཚབ་ མོའོ་ཀེའོ་ཨང་།
པོ་ལེནཌ་གི་གཞུང་ཚབ་ ཨ་དམ་ བུ་ར་ཀོསི་ཀི།
སུ་ཡི་ཌེན་གྱི་གཞུང་ཚབ་ ཀ་ལཱསི་ མོ་ལིན།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *