རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཅིག་ལུ་ མེ་ཟུན་ཡོདཔ།

ཁ་ཙ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ རིན་ཆེན་སྡིངས་ ས་སྣུམ་བཀྲམ་སྤེལ་ཁང་གི་ཉེ་འདབས་ལུ་ དཔག་བསམ་ཁ་བཟོ་གྲྭ་ཁང་གི་དོན་ལས་ ཀ་ར་རྡོ་སྐྱེལ་འདྲེxན་འབད་མི་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཅིག་ལུ་ མེ་ཟུན་མི་དེ་ བསད་ཚུགས་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ སྣུམ་འཁོར་ནང་ གློག་ཐག་གི་རྐྱེན་ལས་བྱུང་ནུག་ཟེར་ཨིནམ་ད་ རྐྱེན་ངན་དེ་ དུས་ཡུན་སྐར་མ་༢༠ དེ་ཅིག་གི་ནང་འཁོད་ལུ་ བསད་ཚུགས་ཡོདཔ་ད་ བྱུང་རྐྱེན་ནང་ མི་ལུ་གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས།

སྣུམ་འཁོར་གྱི་དེད་གཡོགཔ་ རྒྱ་གར་གྱི་མི་ཁུངས་ཨིན་མི་ མུ་ཀར་ མ་ལིཀ་གིས་ སླབ་མིའི་ནང་ ས་ཁོངས་དེ་ནང་ ཁོ་ར་ ཅ་དམ་གྱི་ཤོག་གུ་ཚུ་ གསལ་སྟོན་འབད་ནིའི་དོན་ལུ་ དུས་གྲ་ཅིག་ བཀག་བཞག་པའི་བར་ན་ ཁོ་དང་ ཁོ་རའི་ལས་རོགསཔ་གཉིས་ སྣུམ་འཁོར་ནང་སྡོདཔ་ད་ མེ་འབར་ཡི་ཟེར་ཨིན་པས།

དེད་གཡོགཔ་གིས་ སླབ་མིའི་ནང་ སྣུམ་འཁོར་ཊཱག་དེ་ ཀ་ར་རྡོ་མེ་ཊིག་ཊཱོན་༢༠ འབག་སྟེ་ཡོད་ཟེར་ཨིནམ་ད་ སྣུམ་འཁོར་དེ་ རྒྱ་གར་གྱི་མངའ་སྡེ་ ཨོ་རི་ས་ལས་ འོང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མེ་རྐྱེན་དེ་ སྣུམ་འཁོར་ནང་ཡོད་མི་ གློག་ཐག་ལས་ བྱུང་ཡོད་པའི་དོགས་པ་ཡོད་རུང་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *