༉ ཁ་ཙ་ རྒྱ་གར་གྱི་ བློན་ཆེན་བགྲེསཔ་ ཨ་ཊཱལ་ བི་ཧ་རི་བཱཇ་པ་ཡི་མཆོག་ དགུང་ལོ་༩༣ ཐོག་ གཤགས་ཡོདཔ་ད་ སྤྱི་ལོ་༡༩༢༦ ཟླ་༡༢ པའི་ཚེས་༢༥ ལུ་ རྒྱ་གར་གྱི་དབུས་ཕྱོགས་ཁྲོམ་སྡེ་ གའི་ལོར་ལུ་འཁྲུངས་མི་ བློན་ཆེན་བགྲེསཔ་མཆོག་ སྤྱི་ལོ་༡༩༨༠ ལུ་ བི་ཇེེ་པི་ཚོགས་པའི་ གཙོ་འཛིན་གྱི་ གོ་གནས་བཞེས་ཡོདཔ་ཨིན་པས།
རྒྱ་གར་གྱི་ བློན་ཆེན་བགྲེསཔ་མཆོག་ འབྲུག་རྒྱལ་ཁབ་ནང་ དང་པ་ར་ སྤྱི་ལོ་༡༩༧༧ ཟླ་༡༡ པའི་ནང་ ཕྱི་འབྲེལ་བློན་པོའི་ གོ་གནས་ཐོག་བྱོནམ་ད་ འབྲུག་གཞུང་དང་ མི་སེར་ཚུ་གིས་ བསུ་སྟོན་དང་ མགྲོན་སྐྱོང་མ་བཏུབ་བཏུབ་སྦེ་ འགོ་འདྲེན་འཐབ་མི་ལུ་ ཐུགས་སྤྲོ་ཚད་མེད་དང་ ཡིད་ཆེས་ངལ་རངས་སྦོམ་བྱུང་མི་ལུ་བརྟེན་ ཁོ་གིས་ མངའ་བདག་རྒྱལ་པོ་དང་ རྒྱལ་ཁབ་ མི་སེར་ཚུ་གི་དོན་ལུ་ གུས་བཏུད་དང་ བསྟོད་གླུ་ཅིག་ བརྩམས་གནང་ཡོད་པའི་གནས་ཚུལ།
