རྒྱ་གར་གཞུང་གིས་ རྒྱལ་སྤྱི་གློག་རིག་ཡོངས་འབྲེལ་རྒྱུན་ལམ་༣ པའི་དོན་ལུ་ གོང་ཚད་མར་ཕབ་ཀྱི་རྒྱབ་སྐྱོར།

༉ འབྲུག་གཞུང་གིས་ ཞུ་བ་འབད་ཡོདཔ་བཞིན་དུ་ རྒྱ་གར་གཞུང་གིས་ དམིགས་བསལ་དུ་ འབྲུག་གི་ རྒྱལ་སྤྱི་གློག་རིག་ཡོངས་འབྲེལ་རྒྱུན་ལམ་༣ པའི་དོན་ལུ་ གོང་ཚད་མར་ཕབ་ཀྱི་ རྒྱབ་སྐྱོར་འབད་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ སུ་དཱ་ཀར་ ཌ་ལི་ལ་གིས་ ཐབས་རིག་ཞལ་འཛོམས་འཚོགས་པའི་སྐབས་ལུ་ བཤད་ཡོདཔ་ད་ ཞལ་འཛོམས་ནང་ ཨིས་ཊིམ་གྱི་ རྒྱལ་འཛིན་མི་སྡེ་དང་ བདེ་སྲུང་རིག་རྩལ་ལས་རིམ་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་ ཐིམ་ཕུག་བརྡ་དོན་གླིང་ག་ འབྲུག་རྒྱལ་པོའི་གཙུག་སྡེ་ མི་སྡེ་ལས་ཚོགས་འཐུས་མི་ དེ་ལས་ སྒེར་གྱི་ལས་སྡེ་ཁག་ཚུ་ལས་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

རྒྱ་གར་གྱི་ སྐུ་ཚབ་ཡིག་ཚང་ལས་ལྷོད་མི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ བཅའ་མར་གཏོགས་མི་ཚུ་གིས་ བརྡ་དོན་གཞི་རྟེན་གོང་འཕེལ་དང་རིག་རྩལ་ བཟོ་གྲྭ་གནས་ཚད་ནང་འབྲེལ་འཛིན་ལྷན་ཐབས་ ཨིས་ཊིམ་ཤེས་ཡོན་གོ་སྐབས་ ས་མཚམས་ཌི་ཇི་ཊཱལ་མཐུད་སྦྲེལ་ དེ་ལས་ ཌི་ཇི་ཊཱལ་དངུལ་སྤྲོད་ཀྱི་ ས་ཁོངས་ཚུ་ནང་ རྒྱ་འབྲུག་༢ ཀྱིས་ མཉམ་འབྲེལ་འབད་དགོ་པའི་ ཕན་རླབས་ཆེན་བའི་ གནད་དོན་ཚུ་གུ་ བསམ་འཆར་བརྗེ་སོར་ འབད་ཡི་ཟེར་ཨིན་པས།

རྒྱ་གར་གཞུང་གིས་ འབྲུག་གཞུང་དང་གཅིག་ཁར་ འབྲུག་གི་རྒྱལ་སྤྱི་ཨིན་ཊར་ནེཊ་རྒྱུན་ལམ་དང་ མི་སྡེ་ཁེ་ཕན་གྱི་ གནམ་སྟོང་འཕྲུལ་རིག་ལྷན་ཐབས་ ཌི་ཇི་ཊཱལ་འབྲུག་ཡུལ་ རྒྱ་གར་-འབྲུག་གི་ཡོངས་འབྲེལ་དཔེ་མཛོད་ལས་འགུལ་ལ་སོགས་པ་ཚུ་བརྩིས་ཏེ་ འཕྲུལ་རིག་ལས་སྣ་ལེ་ཤ་ཅིག་ལུ་ མཉམ་འབྲེལ་འབད་དོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

གཞུང་ཚབ་ཀྱིས་ རྒྱ་གར་གཞུང་གིས་ འཕྲུལ་རིག་ལས་རིམ་བརྩིས་ཏེ་ གཞུང་དང་མི་སེར་ལུ་ གཙོ་རིམ་ཐོག་ལས་ གཞུང་༢ ཀྱི་ མཛའ་བཤེས་མཐུན་ལམ་ སྒྲིང་སྒྲི་བཟོ་ནི་དང་ མཉམ་འབྲེལ་གྱི་ ཁས་ལེན་འབད་མི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།

ཞལ་འཛོམས་དེ་ཡང་ ཌི་ཇི་ཊཱལ་འཕྲུལ་རིག་ནང་ འབྲུག་དང་རྒྱ་གར་གྱི་ མཉམ་འབྲེལ་རྒྱ་སྐྱེད་གཏང་ནི་གི་ གྲོས་བསྟུན་འབད་ནིའི་དོན་ལུ་ རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *