གཞུང་གི་འགོ་དཔོན་དང་ སོ་ནམ་པ་ཚུ་གིས་ རི་གླང་ཐང་ལུ་ ལྕང་ལཱ་རྐྱབ་པའི་བསྒང་།

རི་གླང་ཐང་ལུ་ ཨ་རིང་སྟོངམ་སྦེ་བཞག་མི་ཚུ་ ལོག་སྤྱོད་ནི་འགོ་བཙུགས་ཡོདཔ།

༉ རྩི་རང་རྫོང་ཁག་ རི་གླང་ཐང་གཡུས་ཚན་གྱི་ གུང་པ་༡༢ དེ་ཅིག་གིས་ ལོ་ངོ་བཅུ་ཕྲག་གི་རིང་ བཟའ་སྤྱོད་མ་འབད་བར་ སྟོངམ་སྦེ་བཞག་མི་ ཆུ་ཞིང་ཨེ་ཀར་༦ དེ་ཅིག་ དུས་ཅི་ལས་ ལོག་བཟའ་སྤྱོད་འབད་ནི་ འགོ་བཙུགས་ཏེ་འདུག།

སྤྱི་ལོ་༢༠༡༢ ལས་ཚུར་ ཆུ་ཞིང་ཚུ་ བཟའ་སྤྱོད་འབད་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ ཆུ་ལངམ་སྦེ་ མེད་པའི་དཀའ་ངལ་དང་ ནགས་ཚལ་མེ་རྐྱེན་གྱིས་ ཆུའི་གཡུར་མེདཔ་བཏང་མི་ལུ་བརྟེན་ཨིན་པས།

ཆུ་གཡུར་ཉམས་བཅོས་འབད་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ ཟད་འགྲོ་དངུལ་ཀྲམ་༤༠༠,༠༠༠༠ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

སོ་ནམ་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ མ་གཞི་ ས་ཞིང་ཨེ་ཀར་༢༣ དེ་ཅིག་ཡོདཔ་ཨིན་རུང་ སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ལཱ་མ་འབད་བར་ ལཱ་གཞན་ལུ་ སྤྲོ་བ་བསྐྱེད་སྡོད་པའི་ དཀའ་ངལ་ཨིན་ཟེར་ཨིན་པས།

ཨིན་རུང་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཚོད་བསྲེའི་ལཱ་འབད་ནི་ལུ་ སྤྲོ་བ་ཡོད་པའི་ཁར་ མཐུན་རྐྱེན་ཚུ་ ཁྱིམ་སྒོ་ཚུན་ལྷོད་རུང་ ལས་མི་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།

རྫོང་ཁག་བདག་སྐྱོང་སོ་ནམ་འགོ་དཔོན་ རྡོ་རྗེ་རྒྱལ་མཚན་དང་འཁྲིལཝ་ད་ ན་ཧིང་ མོ་བཏབ་ལས་འགུལ་སྦེ་ རི་གླང་ཐང་གི་ སོ་ནམ་པ་ཚུ་ལུ་ འབྱ་སོན་ཀེ་ཇི་༢༥༠ བགོ་བཀྲམ་འབད་མི་དེ་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ མཐར་འཁྱོལ་ཅན་སྦེ་ བྱུང་ཡོད་པའི་ཁར་ སོ་ནམ་པ་ཚུ་ལུ་ ཆུ་དུང་དང་ ཅ་ཆས་རིགས་མ་འདྲཝ་ཚུ་ བཀྲམ་ཡོདཔ་ཨིན་པས།

བདག་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ཤེས་བཏོན་པ་ཅིན་ མ་འོངས་པ་ལུ་ མི་སེར་ཚུ་གིས་འབད་རུང་ སོ་ནམ་གྱི་ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་ནིའི་གོ་སྐབས་འདུག་ཟེར་ ཨིན་པས།

རྫོང་ཁག་བདག་སྐྱོང་གིས་ སོ་ནམ་དང་འབྲེལ་བའི་ གཞི་རྟེན་མཁོ་ཆས་དང་ འཕྲུལ་ཆས་མ་འདྲཝ་ཚུ་ མཁོ་སྒྲུབ་འབད་བྱིན་ནིའི་འཆར་གཞི་ཡོདཔ་མ་ཚད་ ན་གཞོན་མངམ་གིས་ ཞིང་ལཱ་འབད་ཚུགསཔ་བཟོ་ནིའི་ ལས་རིམ་ཡོད་ཟེར་ཨིན་པས།

རི་གླང་ཐང་ལས་ དཱན་མ་ཡ་ གུ་རུང་གིས་ ལོ་ངོ་བཅུ་ཕྲག་གི་རིང་ ས་ཞིང་ཨེ་ཀར་༥ སྟོངམ་བཞག་མི་དེ་ དུས་ཅི་ ལྕང་ལཱ་རྐྱབ་ནི་འགོ་བཙུགས་ཡོདཔ་ལས་ གཞུང་གི་འགོ་དཔོན་དང་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།

ཊི་ཀ་རམ་གྱི་ སླབ་མིའི་ནང་ རྫོང་ཁག་ནང་ སོ་ནམ་པ་ཚུ་གིས་ ཆུ་ཞིང་སྟོངམ་བཞག་མི་ཚུ་ནང་ ལོག་སྟེ་ར་ ལཱ་འབད་ནི་འགོ་བཙུགས་མི་ལུ་བརྟེན་ ཆུམ་ནང་འདྲེན་འབད་མ་དགོ་པར་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསོད་ནམས་དཔལ་འཛོམས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *