ཀུན་དགའ་འཕྲིས།

ཡོངས་གྲགས་ཅན་གྱི་ ཕུཊ་བཱོལ་རྩེད་མི་ལས་ ལུས་རྩལཔ་ལུ་ གྱུར་ཡོདཔ།

༉ སྤྱི་ལོ་༢༠༠༠ ལས་ ཕུཊ་བཱོལ་རྩེད་མི་ ཡོངས་གྲགས་ཅན་ ཀུན་དགའ་འཕྲིས་དེ་ ད་རེས་ནངས་པར་  གནས་སྟངས་གསརཔ་ཅིག་ནང་ ལྷོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ གནོད་སྐྱོན་ཕོག་མི་ སྐྱེས་ལོ་༢༨ ལང་མི་རྐང་རྩེདཔ་དེ་ ཕུཊ་བཱོལ་རྩེད་ནི་བཤོལ་བཞག་སྟེ་ གཟུགས་སྟོབས་ལུས་སྦྱོང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
ཧེ་མ་ ཤ་ཉམས་མེད་མི་ རྐང་རྩེདཔ་དེ་ ད་རེས་ གཟུགས་སྟོབས་སྦོམ་བཟོ་ཡོདཔ་ད་ ཀུན་དགའ་འཕྲིས་ཀྱིས་ སྤྱི་ལོ་༢༠༠༧ ལུ་ འབྲུག་རྐང་རྩེད་ཚོགས་པའི་སློབ་ཁང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ རྩེད་འགྲན་འགོ་ཐོག་དེ་ ཆོས་སྒྲོན་རྐང་རྩེད་སྡེ་ཚན་ནང་ རྩེད་འགྲན་འབད་ཡོདཔ་ཨིན་པས།
ཁོ་གི་ ཡིད་འཛིན་རྐང་རྩེད་སྡེ་ཚན་ནང་ ལོ་༣ རྩེད་ཡོདཔ་ད་ ཁོ་གི་རིག་རྩལ་དང་ སྟོབས་ཤུགས་ལུ་བརྟེན་ ག་ར་གིས་ རྐང་རྩེདཔ་མགྱོགས་དྲགས་དང་ སྡེ་ཚན་ནང་རྐང་རྩེདཔ་གཙོ་བོ་ཅིག་སྦེ་ མིང་གཏམ་ཐོན་ཡོདཔ་ཨིན་པས།
ཀུན་དགའ་དེ་ སྤྱི་ལོ་༢༠༡༢ ལུ་ དགོངསམ་མ་ཞུ་ཚུན་ སྡེ་ཚན་ནང་ གཱོལ་མཐོ་ཤོས་བཙུགས་མི་སྦེ་ སྡོད་ཡོདཔ་ཨིན་པས།
རྐང་རྩེད་མཐུན་ཚོགས་ཀྱི་གྲངས་སུ་ ཡོངས་གྲགས་ལུ་ མོང་སྒར་པ་ཟེར་ སླབ་དོ་ཡོད་མི་ ཀུན་དགའ་དེ་ སྐྱེས་ལོ་༢༣ མན་ཆད་དང་ རྒྱལ་ཡོངས་རྐང་རྩེདཔ་ རྒས་ཤོས་ཀྱི་གྲས་ཁར་ ཚུད་ཡོདཔ་ཨིན་པས།
རྒྱལ་སྤྱིའི་རྩེད་འགྲན་ནང་ གཱོལ་བཙུགས་ཡོད་པའི་ མིང་གཏམ་མ་འཐོན་རུང་ ཧེ་མ་ཁོ་གི་ རྩེད་འགྲན་པ་མཉམ་རོགས་ཚུ་གིས་ སླབ་མིའི་ནང་ ཁོ་གིས་ འདས་པའི་ལོ་ཚུ་ནང་ ཕུཊ་བཱོལ་རྩེད་འགྲན་ནང་ དཔེ་ལྟ་ས་ཅིག་ཨིན་ཟེར་ཨིན་པས།
ཕུཊ་བཱོལ་རྩེད་ནི་གིས་མ་དོ་བར་ ཀུན་དགའ་དེ་ བང་རྒྱུག་མི་ དྲག་ཤོས་ཡང་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༠༩ ལུ་ བེཊ་ནམ་རྒྱལ་ཁབ་ནང་ མི་ཊར་༦༠ འི བང་རྒྱུག་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཀུན་དགའ་དེ་ རྩེད་འགྲན་ཅིག་ནང་ རྐངམ་ཅིག་ལུ་ གནོད་སྐྱོན་བྱུང་བའི་ཤུལ་ལས་ སེམས་ཤུགས་མར་ཉམས་སོང་ཡོདཔ་སྦེ་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་ནང་སྡོད་པའི་རིང་ མཐོ་རིམ་སློབ་གྲྭའི་ ལུས་རྩལ་ཁང་དེ་གིས་ ཁོ་ལུ་ ཧེང་སྐལ་ར་ གཟུགས་སྟོབས་ལུས་སྦྱོང་འབད་ནིའི་ སྤྲོ་བ་ཐེབས་བསྐྱེད་བཅུག་ཅི་ཟེར་ཨིན་པས།
ཨིན་རུང་ མཁོ་ཆས་ཉུང་སུ་དང་ དེ་གི་སྐོར་ལས་ ཤེས་ཡོན་ལེ་ཤ་མེད་མི་ལུ་བརྟེན་ ཁོ་གིས་ རྩེདམོ་དེ་ལུ་ གཙོ་བོར་བཏོན་མ་ཚུགསཔ་ཨིན་པས།
མཐོ་རིམ་སློབ་གྲྭ་མཇུག་བསྡུ་བའི་ཤུལ་ ཁོ་གིས་ མོང་སྒར་ལུ་ ཁོ་རའི་ཁྱིམ་ནང་ ལུས་རྩལ་ཁང་ཡོད་མིའི་ནང་ ལུས་སྦྱོང་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གིས་ རྒྱུན་མ་ཆད་པར་ ལུས་སྦྱོང་འབད་དོ་ཡོདཔ་ཨིན་རུང་ མཁོ་ཆས་ཚུ་ཡོདཔ་མ་གཏོགས་ ལམ་སྟོན་བྱིན་མི་ ག་ཡང་མེད་ཟེར་ཨིན་པས།
ད་ལྟོ་ གཟུགས་སྟོབས་ལུས་སྦྱོང་དེ་ ཐིམ་ཕུག་ལུ་རྐྱངམ་གཅིག་ནང་ གཙོ་བོར་བཏོན་དོ་ཡོདཔ་མ་ཚད་ དེའི་དོན་ལུ་ འགྲོ་སོང་སྦོམ་གནས་དོ་ཡོད་མི་དང་ ལམ་སྟོན་པ་ལེགས་ཤོམ་མེད་མི་ལུ་བརྟེན་ གྲུབ་འབྲས་དེ་ མནོ་དོ་བཟུམ་མི་འཐོན་པས་ཟེར་ཨིན་པས།
ཀུན་དགའ་གིས་ འགྲན་བསྡུར་གྱི་ཧེ་མ་ ཟླཝ་༢ ཀྱི་དོན་ལུ་ ཐིམ་ཕུག་ལུ་ ཁྱད་རིག་རིག་རྩལ་མཁོ་ཆས་ལག་ལེན་འཐབ་ཐོག་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
ཁོ་གིས་ འདས་པའི་ཟླཝ་ནང་ ཐིམ་ཕུག་ལུ་ མཱ་སལ་ཕེག་ཊིར་གྱི་ གསེར་གྱི་རྟགས་མ་ཐོབ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འདས་པའི་ལོ་༣ གྱི་རིང་ གཟུགས་སྟོབས་ལུས་སྦྱོང་ནང་ གཙོ་བོར་བཏོན་སྟེ་ བརྩོན་ཤུགས་བསྐྱེད་ཐོག་འབད་ཡོད་མི་དེ་ བདེན་ཁུངས་བསྐྱལ་སའི་ འཁྲབ་སྟེགས་ཅིག་ ཨིན་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཟུགས་སྟོབས་ལུས་སྦྱོང་དེ་ འགྲོ་སོང་སྦོམ་པའི་རྩེདམོ་ཨིནམ་ད་ དེ་ནང་ལུ་ རྩ་འགེངས་དགོཔ་དང་ བརྩོན་ཤུགས་སྦོམ་བསྐྱེད་དགོཔ་ཅིག་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ གྲུབ་འབྲས་ལེགས་ཤོམ་འཐོན་ནིའི་དོན་ལུ་ རྩེདམོ་གཞན་བཟུམ་སྦེ་ སྒྲིག་ཁྲིམས་དེ་ ཁག་ཆེ་ཟེར་ཨིན་པས།
ཁོ་རའི་ཕམ་སྤུན་ཆ་ཚུ་གིས་ རྒྱབ་སྐྱོར་འབད་མི་དང་ འགོ་འདྲེན་པ་ལུ་ ན་གཞོན་ཚུ་ལུ་ འཁྲབ་སྟེགས་དེ་བཟུམ་བྱིན་ཏེ་ བློ་སྟོབས་བསྐྱེད་བཅུག་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པས།
ཀུན་དགའ་གི་ དང་འདོད་ཅན་གྱི་ གཟུགས་སྟོབས་སློབ་སྦྱོང་པ་ཚུ་ལུ་ བློ་སྟོབས་བྱིན་ནིའི་དོན་ལས་ མ་འོངས་པ་ལུ་ ཤར་ཕྱོགས་ལུ་ ལུས་རྩལ་ཁང་ཕྱེ་ནིའི་ འཆར་གཞི་ཡོདཔ་ཨིན་པས།
གཟུགས་སྟོབས་ལུས་རྩལ་དེ་ གཟུགས་ཁར་ ཤ་རྒྱུས་སྦོམ་བཟོ་ནི་རྐྱངམ་གཅིག་མེན་པར་ མི་ཚེ་གཅིག་ གཟུགས་ཁམས་བདེ་ཏོག་ཏོ་བཞག་ནའི་ རྩེདམོ་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *