ཡུ་ཨེ་ཨི་ལུ་ འབྲུག་གི་གཞུང་ཚབ་དང་པ་གིས་ ཁོ་རའི་ ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༤ ལུ་ འབྲུག་གི་གཞུང་ཚབ་ ཚེ་རིང་རྒྱལ་མཚན་དཔལ་འབྱོར་གྱིས་ ཡུ་ཨེས་སྲིད་འཛིན་གྱི་ཕོ་བྲང་ནང་སྦེ་ ཡུ་ནའི་ཊེཊ་ ཨ་རབ་ ཨི་མི་རེཏ་གི་ སྲིད་འཛིན་འོགམ་དང་ དུ་བཱའི་གི་བློན་ཆེན་དང་ རྒྱལ་ཁབ་སྐྱོང་མི་རྒྱལ་སྲས་ ཤིཀ་མོ་ཧ་མེཌ་ བིན་ར་ཤིཌ་ ཨཱལ་མཱག་ཏུམ་ལུ་ དམིགས་བསལ་དང་དབང་ཚད་ཡོད་པའི་ མིའི་འགན་འཛིན་ཐོག་ ཁོ་རའི་ ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ་ཨིན་པས།
ངོ་སྤྲོད་ཡིག་ཆ་ཕུལ་བའི་སྐབས་ གཞུང་ཚབ་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲས་ ཤིཀ་ཁ་ལི་ཕ་ བཱིན་ ཟ་ཡེཌ་ཨཱལ་ན་ཡཱན་དང་ ཡུ་ཨེ་ཨི་གི་སྲིད་འཛིན་ ཤིཀ་མོ་ཧ་མེཌ་ བིན་ར་ཤིད་ ཨཱལ་མཱག་ཏུམ་ གཙོ་འཛིན་འོགམ་ དེ་ལས་ བློན་ཆེན་དང་ དུ་བཱའི་གི་རྒྱལ་ཁབ་སྐྱོང་མི་ལུ་ ལེགས་སྨོན་ཡོད་ལུགས་ གསུངས་མི་ཚུ་ བརྡ་སྤྲོད་འབད་ནུག།
གཞུང་ཚབ་ཀྱིས་ འབྲུག་དང་ ཡུ་ཨེ་ཨི་གི་བར་ན་ མཐུན་ལམ་དམ་ཟབ་ཡོད་པའི་སྐོར་ལས་ བཤད་ཡོད་པའི་ཁར་ འབྲུག་གཞུང་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་ལམ་དང་མཉམ་འབྲེལ་ཚུ་ ཧེང་སྐལ་ར་ སྒྲིང་སྒྲི་བཟོ་ནིའི་ཁས་བླངས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་ཚབ་ཀྱིས་ ཡུ་ཨེ་ཨི་ལུ་ འབྲུག་གི་ངོ་ཚབ་དང་པ་སྦེ་ ངོ་སྤྲོད་ཡིག་ཆ་ཕུལ་ནིའི་ གོ་སྐབས་ཐོབ་མི་ལུ་ ཁ་རྗེ་བཟང་ནུག་ཟེར་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *