ཡན་ལག་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ ཨར་རྐུན་གྱི་ ཁ་ཉེས་ཕོག་ཡོདཔ།

༉ ཧཱ་རྫོང་ཁག་ རང་རྩེ་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ནང་ལས་ ཨར་རྐུན་འབད་བའི་ དོགས་པ་ཡོད་མི་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་ ཧཱ་གི་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ཡང་ ཡན་ལག་དངུལ་ཁང་གི་ འགན་འཛིན་པ་གིས་ དེ་ཚེ་ནུབ་མོར་ དངུལ་ཁང་གི་ ཉེན་སྲུང་སྒྲོམ་བཅག་དཀྲུམས་འབད་དེ་ དངུལ་ཀྲམ་ས་ཡ་༤.༦ ལྷགཔ་ཅིག་ ཨར་རྐུན་འབད་ཡོད་པའི་ ཁ་ཉེས་བཀལ་ནུག།
ལོ་རྒྱུས་དང་འཁྲིལཝ་ད་ སྤྱི་ཟླ་༦ པའི་ཚེས་༤ གི་ནུབ་མོར་ གསང་སྦས་ཁའི་ གསོ་བའི་སྨན་པ་ཅིག་གིས་ གསང་སྦས་ཁ་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་གི་ སྒོ་ཕྱེས་ཏེ་ཡོདཔ་ མཐོང་པའི་ཤུལ་ལུ་ གསང་སྦས་ཁ་ ཡན་ལག་དངུལ་ཁང་གི་ འགན་འཛིན་པ་ལུ་ སྙན་ཞུ་འབད་ཡོད་རུང་ དེ་བསྒང་ལས་ འགན་འཛིན་པ་དེ་ མིན་འདུག་ཟེར་ཨིན་པས།
དེ་ལས་ གསང་སྦས་ཁའི་ ཡན་ལག་ཡིག་ཚང་གི་ འགན་འཛིན་པ་གིས་ རང་རྩེ་ཡན་ལག་ཡིག་ཚང་གི་ འགན་འཛིན་པ་ལུ་ ཡིག་ཚང་བརྟག་དཔྱད་འབད་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ཀུན་གསལ་གྱིས་ གོ་དོ་བཟུམ་འབད་བ་ཅིན་ དེ་ཚེ་ནུབ་མོར་ དོགས་པ་ཅན་དེ་གིས་ གསང་སྦས་ཁ་ཡན་ལག་ཡིག་ཚང་ནང་གི་ ཉེན་སྲུང་སྒྲོམ་དེ་ ཕྱེ་མ་ཚུགས་པས་ཟེར་ཨིན་པས།
དེ་གི་ནངས་པར་ རང་རྩེ་ཡན་ལག་ཡིག་ཚང་གི་ འགན་འཛིན་པ་གིས་ མི་ལ་ལོ་ཅིག་གིས་ ཁོ་གི་ ཡིག་ཚང་ནང་འཛུལ་ཏེ་ ཉེན་སྲུང་སྒྲོམ་བཅག་དཀྲུམས་ཐོག་ དངུལ་རྐྱང་བཏོན་འབག་ནུག་ཟེར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག།
དེ་ལས་ ཁྲིམས་སྲུང་འགག་པ་གིས་ འགན་འཛིན་པ་དེ་ལུ་ དོགས་པ་ཆགས་ཏེ་ དྲི་ཞིབ་འབདཝ་ད་ ཨར་རྐུན་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
དེ་འབདཝ་ད་ རང་རྩེ་ཡན་ལག་ཡིག་ཚང་གི་ འགན་འཛིན་པ་དེ་ གསང་སྦས་ཁ་ཡིག་ཚང་ནང་ལས་ ཨར་རྐུན་འབད་ནི་གི་ དཔའ་བཅམ་མིའི་ནང་ འབྲེལ་གཏོགས་ཡོད་མེད་ ཤེས་མ་ཚུགསཔ་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *