ཡ་བྲལ་སོང་མི་ ཕོ་སྐྱེས་དང་ ཨམ་སྲུ་གིས་ རང་སྲོག་བཅད་ཡོདཔ།

༉ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་སྡེ་གིས་ དོགས་སེལ་འབད་མིའི་ནང་ སྤ་རོ་ལས་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་དང་ ལྷུན་རྩེ་ལས་ སྐྱེས་ལོ་༣༣ ལང་མི་ ཨམ་སྲུ་ལུ་ ཤི་རྐྱེན་བྱུང་མི་དེ་ དམར་བསད་འབད་འབདཝ་མེན་པར་ རང་སྲོག་བཅད་ནུག་ཟེར་ཨིན་པས།

བྱུང་རྐྱེན་དེ་གི་སྐོར་ལས་ ཚེ་འདས་ཕོ་སྐྱེས་ཀྱི་ ཉེ་ཚན་ཚུ་གིས་ ཕུན་ཚོགས་གླིང་ཁྲོམ་སྨད་ལུ་ ཁྱིམ་ནང་བལྟ་བར་ སོང་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༣ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།

ཁྱིམ་དེ་གི་ ཉེ་འདབས་ལས་ དྲི་ངན་མནམ་ནུག་ཟེར་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེའི་སྡེ་འཛིན་ དབང་ཕྱུག་ལ་གིས་ བཤདཔ་ཨིན་པས།

ཚེ་འདས་ཕོ་སྐྱེས་ཀྱིས་ བསམ་གྲུབ་ལྗོངས་མཁར་ལུ་ ཨམ་སྲུ་གཞན་དང་ གཉེན་རྐྱབ་པའི་ཤུལ་ལས་ ཡ་བྲལ་སོང་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ གནས་ཚང་༢ པ་གིས་ ཚེ་འདས་ལས་ ཨ་ལོ་ལུ་ འགྲུལ་འཕྲིན་མ་ལྷོད་པར་ ཉིནམ་དག་པ་ཅིག་ཡར་སོཔ་ལས་ མོ་གི་ ཉེ་ཚན་ཚུ་ལུ་ ག་ཅི་འབད་དཔ་ཨིན་ན་ བལྟ་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།

དེ་འབདཝ་ད་ མི་སྡེའི་བརྡ་བརྒྱུད་ནང་ ཕོ་སྐྱེས་དེ་གིས་ ཨམ་སྲུ་དེ་ལུ་ གྱི་གསོབ་ཞིནམ་ལས་ ཁོ་ར་ རང་སྲོག་བཅད་ནུག་ཟེར་ འཐོར་གཏམ་ཁྱབ་སྤེལ་སོང་མི་དེ་ མི་བདེན་ཟེར་ སྡེ་འཛིན་དབང་ཕྱུག་ལ་གིས་ བཤདཔ་ཨིན་པས།

གསོ་བའི་བརྟད་དཔྱད་དང་འཁྲིལཝ་ད་ རང་སྲོག་བཅད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ཚེ་འདས་གཉིས་ཆ་ར་གིས་ གནང་པང་གི་རླུང་འཁོར་གུ་ལས་དཔྱངས་ཏེ་ རང་སྲོག་བཅད་ནུག་ཟེར་ བཤདཔ་ཨིན་པས།

ཁང་མིག་ནང་ ཀེན་བི་ཡར་ཚུ་ མཐོང་གསལ་བྱུང་ཡོདཔ་མ་ཚད་ ཁང་མིག་ནང་ན་ལས་ རྣལ་ལྕགས་རྐྱབ་ཡོདཔ་ད་ གྱི་ཅུང་དང་ ཡང་ཅིན་ མཚོན་ཆའི་རིགས་ ག་ནི་ཡང་ ལག་ལེན་མ་འཐབ་པས་ཟེར་ཨིན་པས།

ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་༢ ཤི་སྟེ་ ཉིནམ་༤ དེ་ཅིག་ ཡར་སོ་ནུག་ཟེར་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་སྨད་ལུ་ ཉ་སྐམ་གྱི་ ས་གོ་ཅིག་ཨིནམ་ལས་ ཉ་གི་དྲིམ་མནམ་ནི་ཡོདཔ་ད་ ས་གནས་དེ་ཁར་ སྡོད་མི་ཚུ་གིས་འབད་བ་ཅིན་ ཁོང་གིས་ ག་ཅིའི་དྲིམ་ཨིན་ན་ དབྱེ་བ་ཕྱེ་མ་ཚུགས་པར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *