འཛིན་སྐྱོང་ལམ་ལུགས་ནང་ ཀུན་སྤྱོད་དང་ དྲང་སྤྱོད་གཙོ་གཞུང་སྦེ་བཙུགས་ནིའི་ཐབས་ལམ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་ལུ་ སྦྱོང་བརྡར་བྱིན་མི་ལུ་ སྦྱོང་བརྡར་ལས་རིམ་ བདུན་ཕྲག་༢ ཀྱི་རིང་ འགོ་འདྲེན་འཐབ་པའི་སྐབས་ ལས་སྡེ་ཁག་སོ་སོའི་ མི་སྟོབས་འགོ་དཔོན་དང་ རྒྱུ་དངོས་གསལ་སྟོན་བདག་སྐྱོང་པ་༢༠༠ དེ་ཅིག་ལུ་ ཀུན་སྤྱོད་དང་ དྲང་སྤྱོད་འཛིན་སྐྱོང་འཐབ་ཐངས་ཀྱི་སྐོར་ལས་ སྦྱོང་བརྡར་བྱིན་ནུག།
སྦྱོང་བརྡར་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༢ ལས་ འགོ་བཙུགས་ཏེ་ ཚེས་༢༢ ལུ་ མཇུག་བསྡུ་ཡོདཔ་ད་ སྦྱོང་བརྡར་པ་ཚུ་ཡང་ ལྷན་ཁག་དང་ རྫོང་ཁག་ ཁྲོམ་སྡེ་ རང་སྐྱོང་ལས་སྡེ་ ལས་འཛིན་ སྒེར་སྡེ་ ཞི་བའི་ལས་ཚོགས་ཚུ་གི་ མི་སྟོབས་འགོ་དཔོན་དང་ རྒྱུ་དངོས་གསལ་སྟོན་གྱི་ བདག་སྐྱོང་འགོ་དཔོན་ཚུ་ཨིན་པས།
སྦྱོང་བརྡར་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ མི་སྟོབས་འགོ་དཔོན་ཚུ་གི་ལཱ་འགན་ བསྐྱར་སྒྲིག་འབད་དེ་ དེ་ནང་ དྲང་སྤྱོད་གོ་བརྡ་ཟེར་ གསལ་བཀོད་འབད་ཡོད་མི་ལུ་ ལྷན་ཐབས་ཀྱི་ ཆ་རྐྱེན་ཨིནམ་ད་ དེ་ཡང་ ལས་སྡེ་ཚུ་ནང་ ཀུན་སྤྱོད་དང་ དྲང་སྤྱོད་ ཁྱད་རིག་ དྭངས་གསལ་ འགན་འཁྲི་ ཡར་སྤེལ་འབད་ཐབས་ལུ་ཨིན་པས།
དེ་མ་ཚད་ ལས་སྡེ་ཚུ་གིས་ ངན་ལྷད་བཀག་སྡོམ་གྱི་ ཐབས་ཤེས་ཚུ་ སྔ་གོང་ལས་ རང་སོའི་འཛིན་སྐྱོང་ལམ་ལུགས་ནང་ གཙོ་བཟུང་སྦེ་བཙུགས་ཏེ་ བདག་དབང་འབད་ཐབས་ལུ་དམིགས་ཏེ་ཨིན་པས།
ཀུན་སྤྱོད་དང་ དྲང་སྤྱོད་ཀྱི་ སྦྱོང་བརྡར་ཐེངས་དང་པ་དེ་ སྤྱི་ལོ་༢༠༡༤ ཟླ་༡༡ པའི་ནང་ བཅའ་མར་གཏོགས་མི་༩༣ གྱི་དོན་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *