འཛམ་གླིང་གསོ་བའི་ཞལ་འཛོམས་འགོ་བཙུགས་ཡོདཔ།

༉ ཁ་ཙ་ལས་ སུ་ཡིད་ཛར་ལེན་གྱི་རྒྱལ་ས་ ཇེ་ནི་བ་ལུ་ འགོ་བཙུགས་མི་ འཛམ་གླིང་གསོ་བའི་ཞལ་འཛོམས་ཐེངས་༧༠ པའི་ནང་ གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འགོ་ཁྲིད་ཐོག་ འབྲུག་ལས་འཐུས་མི་༥ འབད་མི་ སྡེ་ཚན་ཅིག་གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་༡༩༤ ཆ་མཉམ་ལས་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་མི་ འཛམ་གླིང་གསོ་བའི་ཞལ་འཛོམས་དེ་ ལས་ཚོགས་ཀྱི་ གྲོས་ཐག་བཅད་མི་ ཚོགས་སྡེ་མཐོ་ཤོས་ཅིག་ཨིནམ་མ་ཚད་ འཛིན་སྐྱོང་བཀོད་ཚོགས་ཀྱིས་ གྲ་སྒྲིག་འབད་མི་ དམིགས་བསལ་གྱི་ གསོ་བའི་གྲོས་གཞི་ཚུ་ལུ་ གཙོ་རིམ་བཟུང་སྟེ་ གྲོས་བསྡུར་གནངམ་ཨིན་པས།
ད་ལྟོ་ འབྲུག་རྒྱལ་ཁབ་ཀྱིས་ དུས་ཡུན་ལོ་༣ གྱི་དོན་ལུ་ འཛིན་སྐྱོང་བཀོད་ཚོགས་ཀྱི་ འཐུས་མི་སྦེ་ ཕྱག་ཞུ་དོ་ཡོདཔ་མ་ཚད་ ལས་རིམ་དང་ འཆར་དངུལ་ བདག་སྐྱོང་ཚོགས་ཆུང་གི་ འཐུས་མི་ཅིག་ཡངཨིན་པས།
བློན་པོ་རྟ་མགྲིན་དབང་ཕྱུག་གིས་ གྲོས་བསྡུར་ཞལ་འཛོམས་ནང་ གསུང་བཤད་གནང་ནི་ཨིནམ་མ་ཚད་ ཏམ་ཁུ་བཀག་འཛིན་དང་ ཚད་ནད་རྩ་མེད་གཏང་ནི་ འབུ་ནི་མེད་པའི་ནད་གཞི་ དེ་ལས་ ཡུན་བརྟན་གོང་འཕེལ་དམིགས་དོན་ཚུ་གི་ གྲོས་འཛོམས་ཚུ་ནང་ཡང་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *