འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྐུ་ཚབ་ཀྱིས་ ཁོ་རའི་ ངོ་སྤྲོད་ཡིག་ཆ་ཕུལ་ཡོདཔ།

༉ འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྐུ་ཚབ་ ཌོག་ཊར་རུའི་པའུ་ལོ་ དི་ཇེ་སུསི་གིས་ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ རྟེན་འབྲེལ་བརྩི་སྲུང་ཐོག་ལས་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་ལུ་ ཁོ་རའི་ ངོ་སྤྲོད་ཡིག་ཆ་ཚུ་ཕུལ་ཡི།
ཌོག་ཊར་ རུའི་གིས་ ཨིན་ཌོ་ནེ་ཤི་ཡ་ལུ་ཡོད་མི་ ཡུ་དའི་ཡ་ན་ གཙུག་ལག་སློབ་སྡེ་ལས་ སྨན་དང་གཤག་བཅོས་ནང་ གཙུག་ལག་གོང་མའི་ཤེས་ཚད་ཡོད་པའི་ཁར་ ཨེ་མི་རི་ཀ་ ཧ་ཝའི་གཙུག་ལག་སློབ་སྡེ་གི་ ཇཱོན་ ཨེ་ བརནསི་སློབ་གྲྭ་ལས་ མི་མང་གསོ་བའི་ནང་ མཐོ་རིམ་གོང་མའི་ ཤེས་ཚད་ཡོདཔ་ཨིན་པས།
ཁོ་ར་ འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྐུ་ཚབ་སྦེ་ བསྐོ་བཞག་མ་འབད་བའི་ཧེ་མར་ འབྲུག་ལུ་ ལས་ཚོགས་དེ་གི་ མཉམ་འབྲེལ་བ་དང་ རྒྱལ་ཁབ་རྒྱབ་སྐྱོར་དང་མཉམ་འབྲེལ་བ་སྦེ་ ལཱ་འབད་ཡོདཔ་ཨིན་པས།
འབྲུག་གིས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཐུས་མི་སྦེ་ སྤྱི་ལོ་༡༩༨༢ ལུ་ འཛུལ་ཞུགས་འབད་ཡོདཔ་ད་ ལས་ཚོགས་ཀྱི་ཡིག་ཚང་དེ་ཡང་ སྤྱི་ལོ་༡༩༨༣ ལུ་ ཐིམ་ཕུག་ལུ་སྦེ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *