༉ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ཐའི་ལེནཌ་གིས་ སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་སྦེ་ རྒྱལ་འཛིན་ཀ་ཐི་ན་ཟེར་ ཚོགས་བསག་སྒྲིབ་སྦྱང་གི་དུས་སྟོན་བརྩི་སྲུང་ཞུ་ཡོདཔ་ད་ དེ་ཡང་ ཐའི་ལེནཌ་གི་རྒྱལཔོ་མཆོག་གི་ རྒྱལ་ཚབ་དང་ ཕྱི་འབྲེལ་བློན་པོ་བགྲེསཔ་ བི་ར་སག་དི་ ཕུ་ཊ་ཀཱུལ་གྱིས་ འགོ་ཁྲིད་ཐོག་ ཐའི་ལེནཌ་ལས་ འཐུས་མི་༡༧ འབད་མི་ སྡེ་ཚན་ཅིག་གིས་ སྐྱིད་ཆུ་ལྷ་ཁང་ནང་ དངུལ་ཀྲམ་འབུམ་༩ དང་ ཀ་ཐིན་གྱི་ ན་བཟའ་ དེ་ལས་ ཉེར་མཁོའི་ཅ་ཆས་ཚུ་ ཞལ་འདེབས་ཕུལ་ཡོདཔ་ཨིན་པས།
ཀ་ཐི་ན་དུས་སྟོན་དེ་ ཐའི་ལེནཌ་རྒྱལ་ཁབ་ནང་འཁོད་ཀྱི་ ལྷ་ཁང་ཚུ་ནང་ ཟླཝ་༣ གྱི་རིང་ སྒོམ་སྒྲུབ་གནང་སྟེ་བཞུགས་མི་ དགེ་སློང་ཚུ་ལུ་ ན་བཟའ་དང་ ཉེས་མཁོའི་ཅ་ཆས་ཚུ་ཕུལ་ཏེ་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལུ་ དང་ཕུ་ལས་ར་ བརྩི་སྲུང་ཞུ་སྲོལ་ཡོད་པའི་ སྔར་སྲོལ་ལམ་ལུགས་ཅིག་ཨིན་པས།
དུས་སྟོན་དེ་ ཟླ་ངོ་༡ གི་རིང་ བརྩི་སྲུང་ཞུཝ་བཞིན་དུ་ འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ རྒྱཤ་འཛིན་ཀ་ཐི་ན་དུས་སྟོན་དེ་ སྤྱི་ལོ་༢༠༡༡ དང་༢༠༡༣ དེ་ལས་༢༠༡༦ ལུ་ བདེ་ཆེན་ཕོ་བྲང་ལྷ་ཁང་དང་ སེམས་རྟོགས་ཁ་རྫོང་ སྤང་རི་ཟམ་པ་ལྷ་ཁང་ཚུ་ནང་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ལྷ་ཁང་དང་ དགེ་སློང་ཚུ་གིས་ ཐའི་ལེནཌ་གི་ རྒྱལཔོ་མཆོག་གི་ སྐུ་པར་དང་ ཕྱི་འབྲེལ་ལྷན་ཁག་ལས་ དངུལ་འབྲེལ་རྒྱབ་སྐྱོར་དང་ ཉེར་མཁོའི་ཅ་ཆས་ཚུ་ ཐོབ་ཡོད་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
དུས་སྟོན་དེ་ རྒྱ་གར་དང་ ནེ་པཱལ་ ཨིན་ཌོ་ནེ་ཤི་ཡ་ ཤ་ལེ་ཤི་ཡ་ བང་ལ་དེཤ་རྒྱལ་ཁབ་ཚུ་ནང་ཡང་ བརྩི་སྲུང་འབདཝ་ཨིན་པས།
སྤ་རོ་ལུ་ དུས་སྟོན་བརྩི་སྲུང་འབདཝ་ད་ འབྲུག་གཞུང་གི་ ཁ་ཐུག་ལས་ གནས་སྐབས་གཞུང་གི་གྲོས་དཔོན་ དྲགོས་དཔལ་འབྱོར་གྱིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།