སྤྱིར་བཏང་འཛོམས་འདུ་ནང་འོང་མི་ འབྲུག་རྗེ་སྒང་­ - རྩེ་ཟ་འདེམས་ཁོངས་འོག་གི་ མི་སེར་ཚུ།

འབྲུག་རྗེས་སྒང་- རྩེ་བཟང་འདེམས་ངོ་ཚུ་གིས་ འཁོར་ལམ་དང་ ཆུ་ལུ་གཙོ་རིམ།

༉ ད་ལྟོ་ དར་དཀར་ནང་ འབྲུག་རྗེས་སྒང་­ – རྩེ་བཟང་འདེམས་ཁོངས་འོག་གི་ མི་སེར་ཚུ་གིས་ སྤུས་ཚད་དང་ལྡན་པའི་འཁོར་ལམ་དང་ ཞིང་ཆུ་དང་འཐུང་ཆུ་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ གོང་འཕེལ་གྱི་ལས་སྣ་ཚུ་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལས་ལྷག་ཡོད་རུང་ དར་དཀར་ནང་གི་ འཁོར་ལམ་གྱི་གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་ ཡོད་ཟེར་ཨིན་པས།
དཔེར་ན་ སཱུན་ཀོཤི་ལམ་རྒྱ་གྲམ་ལས་ འགོ་བཙུགས་ཏེ་ རྫོང་ཁག་ལྟེ་བ་ཚུན་ཨིན་མི་ ཀི་ལོ་མི་ཊར་༨༩ འབད་མི་ རྫོང་ཁག་གི་ལམ་གྱི་གནས་སྟངས་དེ་ རྒྱལ་ཁབ་ཀྱི་ས་གནས་གཞན་ཚུ་གི་ རྒེད་འོག་ལྟེ་བའི་ལམ་ལས་ཡང་ གནས་སྟངས་སྐྱོ་དྲགས་ནང་ཡོད་ཟེར་ མི་སེར་ཚུ་གིས་ བཤདཔ་ཨིན་པས།
ས་གནས་ལས་ སྐྱེས་ལོ་༧༥ ལང་མི་ བྱང་ཆུབ་ཀྱིས་ སླབ་མིའི་ནང་ མ་གཞི་རྫོང་ཁག་གཞུང་ལམ་དེ་ རྩི་ནག་གཏང་ཡོད་རུང་ མེདཔ་ཐལ་ཏེ་ཡོདཔ་མ་ཚད་ འཁོར་ལམ་ཡང་ རྒྱ་ཚད་ཆུང་ཀུ་ཡོདཔ་ལས་ ཐད་ཀར་དུ་ ཉམས་བཅོས་འབད་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ང་བཅས་ལུ་ ལམ་ལེགས་ཤོམ་མེད་པ་ཅིན་ གཞན་གོང་འཕེལ་གྱི་ལས་སྣ་ཚུ་ རེ་བ་བསྐྱེད་ནི་རྐྱངམ་གཅིག་འོང་ཟེར་ཨིན་པས།
ས་གནས་ཀྱི་མི་གཞན་ཅིག་ཨིན་མི་ ཚེ་དབང་གིས་ སླབ་མིའི་ནང་ དར་དཀར་ནང་གི་མི་སེར་ཚུ་ལུ་ དགོས་མཁོ་སྦོམ་ཤོས་དེ་ འཐུང་ཆུ་དང་ཞིང་ཆུ་ཨིནམ་ད་ དུས་ཅི་ ཞིང་ཆུ་ལངམ་མེད་མི་ལུ་བརྟེན་ འབྲུག་རྗེས་སྒང་ལུ་ ཁྱིམ་གུང་༡༨ ཀྱི་ ཆུ་ཞིང་ཨེ་ཀར་༡༠༠ དེ་ཅིག་ ལྕང་ལཱ་རྐྱབ་མ་ཚུགས་པར་ བཀོག་བཞག་ཡོདཔ་ཨིན་པས།
ཁོ་གིས་ ཁ་སྐོང་སྦེ་ བཤད་མིའི་ནང་ དགོས་མཁོ་ཚུ་གི་གྲས་ལས ཆུ་འདི་ཨང་དང་པ་ཨིནམ་ད་ རང་མགོ་རང་འདྲོང་བཟོ་དགོ་པ་ཅིན་ མི་ཚུ་གིས་ ཞིང་སྟོངམ་སྦེ་ མ་བཞག་མི་དེ་ ཁག་ཆེ་ཟེར་ཨིན་པས།
ཁ་ཙ་ ཚང་ཁ་རྒེད་འོག་ནང་ འགོ་འདྲེན་འཐབ་མི་སྤྱིར་སྙོམས་འཛོམས་འདུ་ནང་ འབྲུན་ཕུན་སུམ་ཚོགས་པའི་འདེམས་ངོ་ མིག་དམར་རྡོ་རྗེ་གིས་ སླབ་མིའི་ནང་ གཙོ་རིམ་གཞན་ཚུ་གི་གྲས་ལས་ ཞིང་ཆུ་དང་འཐུང་ཆུ་ལངམ་བཟོ་ནི་དེ་ གཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གིས་ གོམས་འདྲིས་ལྟ་སྐོར་ནང་ ཞིང་ཆུ་ལངམ་མེད་མི་ལུ་བརྟེན་ མི་ཚུ་ག་དེ་སྦེ་ ཞིང་ལཱ་འབད་མ་ཚུགས་པར་ སྡོད་མིའི་སྐོར་ལས་ གོ་རྟོགས་བྱུང་ཡོདཔ་ལས་ ང་བཅས་ལུ་ ཆུ་འབོལ་ཏོག་ཏོ་ཡོདཔ་ལས་ དཀའ་ངལ་དེ་རང་ ང་བཅས་རའི་གཡུས་སྒོ་དང་ཞིང་ནང་ ལྷོད་མ་ཚུགས་མི་དེ་ ཨིན་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་ འཐུང་ཆུ་དང་ཞིང་ཆུ་ བརྒྱ་ཆ་ལས་བརྒྱ་ཆ་སྦེ་ཡོདཔ་བཟོ་ནི་དེ་ ཚོགས་པའི་གཙོ་རིམ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ ཚོགས་པ་༢ ཆ་རའི་ ཁས་བླངས་གསལ་བསྒྲགས་ཚུ་ རིགཔ་སྒྱིམ་ཏེ་ དབྱེ་བ་ཕྱེ་ཐོག་ལས་ ཐག་བཅད་དགོ་ཟེར་ཨིནམ་ད་ ཚོགས་པའི་ཁས་བླངས་ཚུ་ གྲོང་གསེབ་ཀྱི་མི་སྡེ་ལུ་ ཕན་ཐོགས་མི་ཙང་ཙ་ཨིན་ཟེར་ཨིན་པས།
ད་རུང་ ཁོ་གིས་ དར་དཀར་ནང་དེ་ གོང་འཕེལ་མ་འགྱོ་བའི་རྫོང་ཁག་སྦེ་ ངོས་འཛིན་འབད་ཡོདཔ་ལས་ རྫོང་ཁག་ཡར་རྒྱས་འགྱོ་ནི་དེ་ བཙག་འཐུ་ལུ་རག་ལས་ནི་ཨིནམ་ལས་ ལོ་༥ ནང་ཁྱད་པར་སྦོམ་བཟོ་ཚུགས་རུང་ སྤྱི་ཚོགས་ནང་ ག་ལྷོད་འོང་ག་ལུ་ རག་ལས་འོང་ཟེར་ཨིན་པས།
དར་དཀར་ནང་རྫོང་ཁག་ནང་ སྤྱིར་སྙོམས་འཛོམས་འདུ་དེ་ ད་རིས་ འབྲུག་རྗེས་སྒང་- རྩེ་བཟང་འདེམས་ཁོངས་འོག་གི་ ལ་རྒྱབ་རྒེད་འོག་དང་ བཀྲ་ཤིས་སྡིངས་ལྷ་མོའི་རྫིང་ཁ་འདེམས་ཁོངས་འོག་གི་ ཀརྨ་གླིང་རྒེད་འོག་༢ ནང་ འགོ་འདྲེན་འཐབ་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *