རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ འགོ་འབྱེད་གསུང་བཤད་གནང་པའི་བསྒང་།

འབྲུག་ཡུན་བརྟན་ཅན་གྱི་ ལྟ་བཤལ་མི་སྡེ་གཞི་བཙུགས།

༉ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ འཛམ་གླིང་ལྟ་བཤལ་ཉིནམ་དང་འབྲེལ་ འབྲུག་ཡུན་བརྟན་ཅན་གྱི་ ལྟ་བཤལ་མི་སྡེ་ཡང་ ཐིམ་ཕུག་ ལ་མེ་རི་ཌེན་ཟ་ཁང་ནང་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

འབྲུག་གི་ ཁས་བླངས་པ་དག་པ་ཅིག་གིས་ གཞི་བཙུགས་འབད་མི་ ཡུན་བརྟན་གྱི་དོན་ལུ་ ཁྱབ་བསྒྲགས་འབད་ནི་ཨིན་མི་ མཉམ་བསྡོམས་གྲོས་གནས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ འགོ་འབྱེད་འབད་ཡོདཔ་ད་ དེ་ནང་ ལྟ་བཤལ་ལས་དང་ འབྲུག་ཟ་ཁང་སྡེ་ཚོགས་ གཞུང་མིན་ལས་སྡེ་ མ་དངུལ་གྲོགས་རམ་བྱིན་མི་ལ་སོགས་པའི་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ངོ་ཚབ་ཚུ་འཛོམས་ཡོདཔ་ཨིན་པས།

འབྲུག་ཡུན་བརྟན་ཅན་གྱི་ ལྟ་བཤལ་མི་སྡེ་ གཞི་བཙུགས་འབད་མི་ ཌོག་ཊར་ཀརྨ་ཚེ་རིང་གིས་ བཤད་མིའི་ནང་ ལྟ་བཤལ་མི་སྡེའི་འཛིན་སྐྱོང་སྡེ་ཚན་དེ་ དང་འདོད་ཡོད་པའི་་ཉམས་མྱོང་ཅན་གྱི་མི་ཚུ་གིས་ རང་སོའི་ཁས་བླངས་འབད་ཐོག་ལས་ བཟོ་ནི་ཨིན་ཟེར་ཨིན་པས།

ཁོ་གིས་ བཤད་མིའི་ནང་ དེ་ནང་འཛུལ་ཞུགས་འབད་མི་ འཐུས་མི་ཚུ་གིས་ འཛུལ་འཐུས་ག་ནི་ཡང་ སྤྲོད་མ་དགོ་པར་ འབྲུག་ཡུན་བརྟན་ཅན་གྱི་་ལྟ་བཤལ་མི་སྡེའི་ ཡོངས་འབྲེལ་འཆར་སྒོ་ནང་ ཐོ་བཀོད་འབད་ཚུགས་ཟེར་ཨིན་པས།

དེ་མ་ཚད་ ཡོངས་འབྲེལ་འཆར་སྒོ་ནང་ གྲོས་གནས་ཀྱི་ས་ཁོངས་ཡོདཔ་ད་ འཐུས་མི་ཚུ་གིས་ ལམ་སྲོལ་དང་རང་བཞིན་གནས་སྟངས་དང་འབྲེལ་བའི་ གནད་དོན་ཐོག་ ལྟ་བཤལ་ཡུན་བརྟན་ཅན་བཟོ་ཐབས་ཀྱི་ བསམ་འཆར་དང་རྒྱབ་སྣོན་ཚུ་ བཀོད་མི་ཚུ་ བསྡུ་སྒྲིག་འབད་ཞིནམ་ལས་ ཤེས་ཡོན་ཅན་གྱི་བརྡ་དོན་ཚུ་ གཞུང་ལུ་ཕུལ་ནི་ཟེར་ ཌོག་ཊར་ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ འཕྲིན་ལས་རྣམ་རྒྱལ་གྱིས་ བཤད་མིའི་ནང་ ལྟ་བཤལ་ལས་སྡེ་དེ་ འཆར་གཞི་༡༢ པའི་ནང་ གཙོ་རིམ་ཅན་གྱི་ ལས་སྡེ་ཚུ་གི་གྲས་ལས་ གཅིག་སྦེ་ ངོས་འཛིན་འབད་ཡོདཔ་ད་ ད་ཚུན་ དཀའ་ངལ་སྦོམ་ཤོས་ར་ ལས་ཡོད་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ལེགས་ཤོམ་མེད་ལུ་བརྟེན་ཨིནམ་ད་ དེ་བཟུམ་གྱི་ ཐབས་ཤེས་དེ་གིས་ འབྲེལ་ཡོད་ལས་སྡེ་ཚུ་གཅིག་ཁར་འབག་འོང་སྟེ་ ཡུན་བརྟན་ཅན་གྱི་ ལྟ་བཤལ་བཟོ་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།

འབྲུག་ཡུན་བརྟན་ཅན་གྱི་ ལྟ་བཤལ་མི་སྡེའི་ དམིགས་ཡུལ་འབད་བ་ཅིན་ ལྟ་བཤལ་གྱི་ ཞིབ་འཚོལ་འབད་ནི་དེ་ཨིནམ་ལས་ དེ་དང་འབྲེལ་བའི་ཞིབ་འཚོལ་ཚུ་ ཡོངས་འབྲེལ་འཆར་སྒོ་ནང་ བཙུགས་བཞག་ནི་ཨིནམ་ལས་ ལྷག་འདོད་ཡོད་མི་ཚུ་གིས་ ལྟ་བཤལ་དང་འབྲེལ་བའི་ བརྡ་དོན་དང་གནས་ཚུལ་ཚུ་ དེ་ནང་ལས་ འཐོབ་ཚུགས་ཟེར་ ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *