འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ ཁྲི་འཛིན་བསྐོ་བཞག།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྩིས་ཞིབ་ཡོངས་ཁྱབ་བགྲེསཔ་ དྲགོས་ཨྱོན་ཚེ་དབང་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་གྱི་ ཁྲི་འཛིན་གསརཔ་སྦེ་ བསྐོ་བཞག་གནང་ནུག།
དྲགོས་ཨྱོན་ཚེ་དབང་དེ་ ཁ་ཙ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཡིག་ཚང་ནང་ བསུ་སྟོན་དང་བཅས་ རྟེན་འབྲེལ་མདོར་བསྡུས་བརྩི་ཐོག་ལས་ ཡིག་ཚང་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
དྲགོས་ཨྱོན་ཚེ་དབང་གིས་ སྤྱི་ལོ་༡༩༧༩ ལུ་ ལཱ་གཡོག་ནང་འཛུལ་ཏེ་ ཞི་གཡོག་ནང་ ལོ་ངོ་བཅུ་ཕྲག་༢ ལྷགཔ་ཅིག་གི་རིང་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༥ ཟླ་༡༢ པ་ལས་ སྤྱི་ལོ་༢༠༡༥ ཚུན་ ལོ་ངོ་༩ ལྷགཔ་ཅིག་གི་རིང་ རྩིས་ཞིབ་ཡོངས་ཁྱབ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཡོངས་དུས་ཆེན་ཐེངས་༡༠༤ པ་བརྩི་སྲུང་སྐབས་ ཨྱོན་ཚེ་དབང་ལུ་ འབུ་རས་དམརཔོ་དང་བཅས་ དྲགོས་ཀྱི་གོ་གནས་གནང་ཡོད་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *