འབྲུག་མི་ཚུ་གིས་ ཡུ་ཀེའི་སྐྱོད་ཐམ་ མགྱོགས་དྲགས་སྦེ་ འཐོབ་ཚུགས་ནི།

༉ ཡུ་ནའི་ཊེཊ་ཀིང་ཌོམ་ (ཡུ་ཀེ) གྱི་ འཐོན་འཛུལ་ཆོག་ཐམ་/སྐྱོད་ཐམ་མགྱོག་དྲགས་སྦེ་ བཟོ་ནི་གི་ གོ་སྐབས་དེ་ ད་ལས་ཕར་ འབྲུག་ལུ་ཡོད་མི་ ལས་མགྲོན་པ་ཚུ་ལུ་ བྱིན་འོང་ཟེར་ ཁ་ཙ་ ཡུ་ཀེ་སྐྱོད་ཐམ་དང་ ནང་སྐྱོད་ཀྱིས་ གསལ་བསྒྲགས་འབད་ཡོད་པའི་སྐོར་ ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
པི་བི་ཨེསི་ཟེར་མི་ གཙོ་རིམ་ཅན་གྱི་ སྐྱོད་ཐམ་ཞབས་ཏོག་དེ་ སྤྱིར་བཏང་སྐྱོད་ཐམ་གྱི་དོན་ལུ་ ཞུ་ཡིག་བཙུགསཔ་ད་ ཡིག་ཚང་ནང་ ལཱ་འབད་བའི་དུས་ཚོད་ ཉིན་གྲངས་༡༥ འགོར་མི་དང་ཕྱདཔ་ད་ ཉིན་གྲངས་༥ ནང་ སྤྱོད་ཚུགས་ནི་ཨིན་པས།
གནས་ཚུལ་གསར་བཏོན་ནང་ ད་ལས་ཕར་ འབྲུག་མི་ཚུ་གིས་ ཡུ་ཀེའི་སྐྱོད་ཐམ་གྱི་དོན་ལུ་ ནེ་པཱལ་དང་ ཡང་ཅིན་ རྒྱ་གར་ལུ་ འགྱོ་མ་དགོ་པར་ འབྲུག་རྒྱལ་ཁབ་ནང་ར་ བརྡ་དོན་ཡོངས་འབྲེལ་ཐོག་ལས་ ཞུ་ཡིག་བཙུགས་ཚུགས་ཟེར་ཨིནམ་ད་ བརྡ་དོན་ཡོངས་འབྲེལ་ཞབས་ཏོག་དེ་ འབྲུག་གི་དོན་ལུ་ དམིགས་བསལ་སྦེ་ བཟོ་མི་དེ་གིས་ ཞུ་ཡིག་བཙུགས་པའི་ ནམ་དུས་ལུ་ འབྲེལ་ཡོད་ཡིག་ཆ་ཚུ་ ཐིམ་ཕུག་ལས་ ལྡི་ལི་ལུ་ སྐྱེལ་འདྲེན་འབད་མ་དགོ་པའི་ ཁེ་ཕན་ཡོད་ཟེར་བཀོད་ནུག།
ལྷོ་དང་ ཤར་ལྷོ་ཨེ་ཤི་ཡ་ལུ་ ཡུ་ཀེ་སྐྱོད་ཐམ་དང་ ནང་སྐྱོད་ལུང་ཕྱོགས་མདོ་ཆེན་ ནིག་ཀོ་རོཆི་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༦ ཟླ་༥ པའི་ནང་ ཐིམ་ཕུག་ལུ་ ཡུ་ཀེའི་སྐྱོད་ཐམ་གྱི་དོན་ལུ་ སྐྱོད་ཐམ་ཞུ་ཡིག་ལྟེ་བ་དང་པ་ གཞི་བཙུགས་འབད་བའི་ཤུལ་ལས་ ད་རིས་ འབྲུག་མི་ཚུ་གི་ མཐའ་དོན་ལུ་ གཙོ་རིམ་སྐྱོད་ཐམ་ཞབས་ཏོག་གསརཔ་དེ་ སྒོ་ཕྱེ་དོ་ཡོདཔ་བཞིན་དུ་ མི་ཚུ་གིས་ ཞབས་ཏོག་མགྱོགས་དྲགས་སྦེ་ སྤྱོད་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ གཙོ་རིམ་སྐྱོད་ཐམ་ཞབས་ཏོག་གི་དོན་ལུ་ ཞུ་ཡིག་བཙུགསཔ་ད་ སྐྱོད་ཐམ་འཐོབ་ནི་གི་ ཁས་ལེན་མེདཔ་ལས་ ཞུ་ཡིག་བཙུགས་མི་ག་ར་གིས་ ཡུ་ཀེ་ནང་སྐྱོད་བཅའ་ཡིག་གི་ དགོས་མཁོ་ཚུ་ ངེས་པར་དུ་ ཚང་དགོཔ་ཨིན་པས།
ཡུ་ཀེའི་སྐྱོད་ཐམ་བཟོ་ནིའི་དོན་ལུ་ བརྡ་དོན་ཡོངས་འབྲེལ་www.gov.uk/apply-uk-visa ཐོག་ལུ་ ཞུ་ཡིག་བཙུགས་དགོཔ་བཞིན་དུ་ སྔ་གོང་ལས་ ཞུ་ཡིག་བཙུགས་ནི་གི་ བརྡ་དོན་ཁ་གསལ་ཚུ་ https://www.vfsglobal.co.uk/bhutan ཐོག་ལས་འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *