འབྲུག་མཉམ་རུབ་ཚོགས་པ་གིས་ གཙོ་འཛིན་གསརཔ་བཙག་འཐུ་འབད་ནི།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་པའི་གཙོ་འཛིན་གསརཔ་ བཙག་འཐུ་མ་འབད་བའི་ཧེ་མར་ ཚོགས་པའི་ཁུངས་གཏུགས་ལག་ལེན་ཡིག་ཆ་ཚུ་ མཐའ་བཅད་ཀྱི་ གཏན་འཁེལ་བཟོ་ནི་ཨིན་པས།

ཚོགས་པ་གིས་འབད་བ་ཅིན་ གཙོ་འཛིན་གྱི་འགན་ཁུར་དེ་ གཙོ་འཛིན་གསརཔ་ལུ་ རྩིས་སྤྲོད་འབད་བ་ཅིན་ ད་ལྟོའི་ཚོགས་པའི་གཙོ་འཛིན་དང་ བློན་ཆེན་གྱི་འགན་ཁུར་བཞེས་མི་ བློན་ཆེན་ཌོག་ཊར་ བློ་གྲོས་ཚི་རིང་གིས་ གཞུང་སྐྱོང་གི་ ལས་དོན་ཚུ་ནང་ དམིགས་གཏད་བསྐྱེད་དེ་ ལཱ་འབད་ཚུགས་ཟེར་ཨིན་པས།

ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་ ཕུར་པ་གིས་ སླབ་མིའི་ནང་ ཚོགས་པའི་གཙོ་འཛིན་གྱི་ ཁུངས་གཏུགས་ལག་ལེན་ཡིག་ཆ་ཚུ་ ཤུལ་མའི་ཟླཝ་ནང་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་  ཁུངས་གཏུགས་ཡིག་ཆ་དེ་ཡང་ ཚོགས་པའི་བཅའ་ཁྲིམས་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་ ཆ་མཐུནམ་སྦེ་བཟོ་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཙོ་འཛིན་གྱི་ གོ་གནས་དོན་ལུ་ འཛིན་སྐྱོང་ལྷན་སྡེའི་ཚོགས་ཆུང་གིས་ མི་ངོམ་གདམ་མཐུ་འབད་དགོཔ་ལས་ ཚོགས་པ་གིས་ བཙག་འཐུ་དེ་ སྤྱི་ཟླ་༡༢ པའི་ནང་འཁོད་འབད་ནིའི་ གྲ་སྒྲིག་འབད་བའི་ཁར་ གཙོ་འཛིན་བཙག་འཐུ་འབད་ནི་ལུ་ སྤྱིར་བཏང་གྲོས་འཛོམས་འཚོགས་ནི་ཨིན་ཟེར་ བཤདཔ་ཨིན་པས།

ཚོགས་པའི་འགོ་དཔོན་གྱིས་ འབད་བ་ཅིན གཙོ་འཛིན་གྱིས་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ དེ་ལས་ གཞུང་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོ་ཟེར་ཨིན་པས།

འདས་པའི་གཞུང་གིས་ འབད་བ་ཅིན་ བློན་ཆེན་དང་ ཚོགས་པའི་གཙོ་འཛིན་གྱི་ གོ་གནས་གཉིས་ བློན་ཆེན་ཁོ་ར་གིས་ བཞེས་ཏེ་ཡོད་རུང་ ཚོགས་པའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ མི་གཅིག་གིས་ བློན་ཆེན་དང་ གཙོ་འཛིན་གཉིས་ཆ་རའི་ གོ་གནས་ བཞེས་མ་ཆོགཔ་སྦེ་ཡོདཔ་ཨིན་པས།

དེ་ཡང་ ཚོགས་པའི་གཙོ་འཛིན་གྱིས་ ཚོགས་པའི་དབུ་ཁྲིད་ཀྱི་ ཕྱག་འགན་བཞེས་ཞིནམ་ལས་ འགན་ཁུར་ཚུ་ འཐུས་ཤོར་མེད་པར་ ལེགས་ཤོམ་སྦེ་མཛད་ནི་དང་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་གནས་རིམ་ནང་ ཚོགས་པའི་ངོ་ཚབ་འབད་ ཕྱག་ལཱ་ཚུ་ གནང་དགོཔ་ཡོད་ཟེར་ཨིན་པས།

ཚོགས་པ་གིས་སླབ་མིའི་ནང་ གཞུང་སྐྱོང་དང་ སྲིད་དོན་གཉིས་ ཐ་དད་འབདཝ་ལས་ འོས་ལྡན་ཅན་གྱི་ གཙོ་འཛིན་དེ་གིས་  ཁྲིམས་མཐུན་གྱི་ བདེ་སྒྲིག་ཚུ་འབད་འོང་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་ གཞི་བཙུགས་འབད་མིའི་འཐུས་མི་ བསྟན་འཛིན་ལེགས་འཕེལ་གིས་ སླབ་མིའི་ནང་ ཁོང་གིས་ ཚོགས་པའི་གཙོ་འཛིན་གསརཔ་ བསྐོ་བཞག་འབད་དགོ་པའི་ དམིགས་དོན་གཙོ་བོ་ར་ རྒྱལ་ཁབ་ནང་ འགྱུར་བ་གསརཔ་ འབག་འོང་ཚུགས་ཐབས་ལུ་ ཨིན་ཟེར་བཁོད་མི་དེ་ཡང་ བློན་ཆེན་གྱིས་ གཞུང་དང་ མི་སེར་གྱི་ མཐའ་དོན་ལུ་ གཙོ་རིམ་ཐོག་ ཕྱག་ལཱ་གནང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་གསརཔ་ ཕྱི་ཁ་ལས་ བསྐོ་བཞག་འབད་མི་གིས་ ཚོགས་པ་སྒྲིང་སྒྲི་བཞག་ཚུགས་པའི་ཁར་ ཡོདཔ་དང་མེད་པའི་ཁྱད་པར་ མར་ཕབ་འབད་ཚུགས་ཐབས་ལུ་ཨིནམ་མ་ཚད་ ལྷག་པར་དུ་ཡང་ བློན་ཆེན་གྱིས་ ཚོགས་པའི་ལས་དོན་ཚུ་ལུ་ འབད་བརྩོན་ཧྲིལ་པོར་བསྐྱེད་དེ་ གནང་ནི་མ་གཏོགས་ གཞུང་དང་ འབྲུག་མཉམ་རུབ་ཚོགས་པ་གཉིས་ བར་འབྲེལ་ཐོག་ལས་ འབད་ནི་མེན་ཟེར་ ཁོ་གིས་བཤདཔ་ཨིན་པས།

ཚོགས་པའི་བཅའ་ཁྲིམས་འཁྲིལཝ་ད་ སྤྱིར་བཏང་གྲོས་འཛོམས་འཚོགས་དགོ་མི་དེ་ ཡིག་ཚང་གི་ འགན་ཁུར་འབག་མི་དང་ གཙོ་འཛིན་གྱི་ བཙག་འཐུ་འབད་ནིའི་གནད་དོན་སྐོར་ གསལ་སྟོན་འབད་དོ་ཡོད་པའི་གནས་ཚུལ།

ཨེམ་བི་སུ་བ་དང་ རྣམ་རྒྱལ་དབང་མོ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *