འདེམས་ངོ་མགོནམ་ཚེ་རིང་དང་ ཋ་ཀུར་སིང་ པའུ་ཌེལ་ དེ་ལས་ ཚེ་དབང་རིན་འཛིན་༣ དང་ ཚོགས་པའི་གཙོ་འཛིན་གོང་འོག་ཚུ།

འབྲུག་ཕུན་སུམ་ཚོགས་པའི་ འདེམས་༤༧ གཏན་འཁེལ་སོང་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༨ ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་པའི་འདེམས་ངོ་མཇུག་༣ ངོ་སྤྲོད་འབད་དེ་ ད་རེས་ འདེམས་ཁོངས་༤༧ གྱི་ འདེམས་ངོ་ག་ར་ གཏན་འཁེལ་སོང་ནུག།

སྐྱེས་ལོ་༥༩ ལང་མི་ ཋ་ཀུར་སིང་ པའུ་ཌེལ་གྱིས་ བསམ་རྩེ་རྡོ་ཕུག་ཅན་- རྟ་སྡིངས་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ འདེམས་ངོ་དེ་གིས་ སྤྱི་ལོ་༢༠༠༨ ལུ་ སྤྱི་ཚོགས་དང་པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ནང་ཡང་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་བའི་ཤུལ་ལུ་ བཙག་འཐུ་གྲུབ་སྟེ་ དམངས་གཙོའི་རིང་ལུགས་ཀྱི་ ཤེས་རིག་བློན་པོ་དང་པ་འབད་ཡོདཔ་ཨིན་པས།

ཋ་ཀུར་སིང་ པའུ་ཌེལ་ཁོ་ར་ སྤྱི་ལོ་༢༠༡༣ ལུ་ཡང་ བཙག་འཐུ་ནང་ དོ་འགྲན་འབད་རུང་ བཙག་འཐུ་མ་གྲུབ་ལས་ ད་ཚུན་གྱི་བར་ ཐིམ་ཕུག་མཐོ་རིམ་སློབ་གྲྭའི་ གཙོ་འཛིན་སྦེ་ སྡོད་ཡོདཔ་ཨིན་པས།

ཁོ་ལུ་ ཤེས་རིག་ནང་ གཙུག་ལག་མཐོ་རིམ་གོང་མའི་ ཤེས་ཚད་ཡོད་པའི་ཁར་ སློབ་དཔོན་དང་ ལེགས་སྦྱར་བ་ དབུ་འཛིན་འོགམ་ དེ་ལས་ མདོ་ཆེན་སྦེ་ ཕྱག་ཞུ་བའི་ ཉམས་མྱོང་ཡོདཔ་ཨིན་པས།

ད་རུང་ སྐྱེས་ལོ་༥༢ ལང་མི་ མགོནམ་ཚེ་རིང་དེ་ གཞལམ་སྒང་བར་དོ་-ཀྲོང་འདེམས་ཁོངས་ཀྱི་ འདེམས་ངོ་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༣ ལུ་ཡང་ བཙག་འཐུ་ནང་ བཅའ་མར་གཏོགས་ཡོད་རུང་ བཙག་འཐུ་མ་གྲུབ་པས།

ལྡུམ་ར་རིག་པ་ནང་ གཙུག་ལག་གི་ ཤེས་ཚད་ཡོད་མི་ མགོནམ་ཚེ་རིང་གིས་ སྒེར་སྡེ་ཅིག་ནང་ མདོ་ཆེན་སྦེ་ ལཱ་འབད་བའི་ཁར་ ཞིབ་འཚོལ་པ་དང་ སྦྱོང་བརྡར་བྱིན་མི་ སློབ་དཔོན་ དེ་ལས་ འཚོ་བའི་མཐུན་རྐྱེན་མཁས་མཆོག་གི་ ལཱ་འབད་བའི་ ལོ་༢༣ གྱི་ ཉམས་མྱོང་ཡོདཔ་ཨིན་པས།

སྐྱེས་ལོ་༤༡ ལང་མི་ ཚེ་དབང་རིན་འཛིན་གྱིས་ ཧཱ་གསང་སྦས་ཁ་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིནམ་ད་ ཁོ་ར་ སྤྱི་ལོ་༢༠༠༧ ལུ་ སྲིད་དོན་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ སྒེར་སྡེ་ཅིག་ནང་ ལཱ་འབད་བའི་ཤུལ་ལས་ འབྲུག་ཕུན་ཚོགས་པའི་ནང་ རྩིས་འཛིན་པ་སྦེ་ ལཱ་འབད་སྡོད་ནུག།

ཚེ་དབང་རིན་འཛིན་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ ཚོང་འབྲེལ་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ད་ ཚོགས་པ་དང་འཁྲིལ་ཝ་ད་ ཁོ་ར་ གནས་ཚད་ཅན་གྱི་ མི་ངོམ་ཅིག་ཨིན་པའི་ཁར་ སྙིང་སྟོབས་དང་ ཡིད་ཆེས་ཚུགསཔ་ཅིག་ཨིནམ་ལས་ ཧཱ་སྨད་ཀྱི་ མི་སེར་ཚུ་ལུ་ གདམ་ཁ་བྱིན་ནི་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *