འབྲུག་ཕུན་སུམ་ཚོགས་པ་དང་ མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་༢ གློད་གྲོལ་བཏང་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་༢ མི་སྡེ་བརྡ་བརྒྱུད་ནང་ ཚོགས་པའི་རྒྱབ་སྐྱོར་དང་འབྲེལ་བའི་ གནད་དོན་ཐོག་ལུ་ བྲེལ་ཟིང་ལང་པའི་ཤུལ་ལས་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ གནད་དོན་དེ་ རྩོད་བཤེར་དོན་ལས་ ཁྲིམས་འདུན་ལུ་ བཏང་པའི་ཤུལ་ལུ་ དོ་དམ་ནང་ལས་ གློད་གྲོལ་བཏང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ལུ་ སྐུར་འདེབས་ཀྱི་ ཉེས་འཛུགས་འབད་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ ཚོང་རྐྱབ་སྡོད་མི་ འབྲུག་མཉམ་རུབ་ཚོགས་པའི་རྒྱབ་སྐྱོར་པ་ལུ་ བརྙས་བཅོས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཕུན་ཚོགས་གླིང་ལུ་ཡོད་མི་ ཚོང་པ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ བཀྲིས་སྒང་གི་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ལུ་ ཉོགས་བཤད་བཀོད་དེ་ སྙན་ཞུ་འབད་ཡོདཔ་ཨིན་པས།
མཉམ་འབྲེལ་བ་དེ་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ འཛིན་བཟུང་འབད་དེ་ ཕུན་ཚོགས་གླིང་ལུ་ ཁྱིད་ཡོདཔ་ད་ བྱ་ངན་དེ་ཡང་ ཚོང་པ་དེ་ འབྲུག་ཕུན་སུམ་ཚོགས་པའི་ བར་མཚམས་ཤོང་ཕུག་འདེམས་ཁོངས་ཀྱི་དོན་ལུ་ ཡོངས་གྲགས་ལུ་ ཝི་ཅེཌ་སྡེ་ཚན་བཟོ་ཡོད་མིའི་ནང་ ཁོ་ཡང་བཙུགས་ཡོདཔ་ལས་ འགོ་འདྲེན་པ་དེ་གིས་ སྡེ་ཚན་ནང་ཡོད་མི་ཚུ་ལུ་ ཚོང་པ་དེ་ གཡུས་ཚན་ནང་ལས་ཕར་འོང་སར་མཐོང་པ་ཅིན་ བརྡུང་རྫོབ་འབད་དེ་ ཁོ་རའི་སྣུམ་འཁོར་ མེ་གཏང་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ཐོབ་མི་ སྒྲ་བཟུང་ཉན་བལྟཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་ བར་མཚམས་ཤོང་ཕུག་གི་འཐུས་མི་ཚུ་ལུ་ ཁོང་རའི་འཐུས་མི་ཨིན་མི་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཨིན་མི་ཅིག་གིས་ ཚོང་པ་དེ་ སྡེ་ཚན་ནང་བཙུགས་ནུག་ཟེར་ཨིན་པས།
སྒྲ་བཟུང་འབད་མི་དེ་ནང་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་ འཐུས་མི་ཚུ་ལུ་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པའི་ པར་བཏང་ཡོད་མི་དེ་ ལེགས་ཤོམ་སྦེ་ལྟ་སྟེ་ ཁོ་གིས་ ག་ཅི་ར་འབད་ནི་འདུག་ག་ ན་འཐན་བལྟ་དགོཔ་སྦེ་ སླབ་ནུག།
གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ ཚོང་པ་དེ་གིས་ཡང་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ལུ་ བརྙས་བཅོས་འབད་ཡོདཔ་ལས་ ཁོ་ཡང་ སྤྱི་ཟླ་༨ པའི་ཚེས་༢ ལུ་ འཛིན་བཟུང་འབད་དེ་ དོ་དམ་ནང་བཙུགས་ནུག།
གནད་དོན་དེ་ལུ་ ཚོགས་པ་༢ ཆ་ར་གིས་ འབྲེལ་བ་ཡོད་པའི་མི་ངོམ་༢ ཀྱི་བར་ན་ བྱུང་ཡོདཔ་ལས་ ཚོགས་པའི་ཧོངས་ལས་ འབྲེལ་བ་ག་ནི་ཡང་མེད་ཟེར་ བཤད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *