ལྡོག་ཕྱོགས་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ གསལ་བཤད་འབད་བའི་བསྒང་།

འབྲུག་ཕུན་སུམ་ཚོགས་པ་གིས་ ལོ་༤ གི་རྒྱབ་ལས་ ཚོགས་པའི་ལོ་བསྟར་ཞལ་འཛོམས་ འཚོགས་ཡོདཔ།

༉ ལྡོག་ཕྱོགས་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་རའི་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ཚུ་དང་གཅིག་ཁར་ ལོག་མཐུན་ལམ་བཟོ་ནིའི་དོན་ལུ་ རྫོང་ཁག་ཆ་མཉམ་ནང་ ལྟ་སྐོར་འབད་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ ཚོགས་པ་གིས་ ལོ་བསྟར་ཞལ་འཛོམས་འཚོགས་པའི་སྐབས་ གྲོས་ཐག་བཅད་ཡོདཔ་ད་ ཞལ་འཛོམས་ནང་ ཚོགས་པའི་མཉམ་འབྲེལ་བ་དང་ རྒྱབ་སྐྱོར་བ་༨༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཆུ་ཁ་རྫོང་ཁག་ལས་ ཚོགས་པའི་མཉམ་འབྲེལ་བ་ རྣམ་རྒྱལ་གྱིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ ལ་ལོ་ཅིག་གིས་ ཁོང་གི་རྒྱབ་སྐྱོར་པ་འབད་དགོ་པའི་ བརྒྱུད་འཕྲིན་ལྷོད་མི་དང་བསྟུན་ ལ་ལོ་གིས་ རྒྱབ་སྐྱོར་པ་སྦེ་ འཛུལ་ནུག་ཟེར་བཤད་ཅི།
རྩི་རང་གི་ ཚོགས་པའི་འཐུས་མི་ གཡང་ཀུ་ཚེ་རིང་ཤེར་པ་གིས་འབད་བ་ཅིན་ ཚོགས་པ་གིས་ བརྒྱུད་འབྲེལ་གྱི་ མཐུན་ལམ་ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ བཤད་ཡོདཔ་ད་ དེ་མིན་ ང་བཅས་ཀྱིས་ ཚོགས་པ་དང་ ཚོགས་པའི་འཆར་གཞིའི་སྐོར་ལས་ མི་ཤེས་པས་ཟེར་བཤད་ཅི།
ཚོགས་པའི་གཙོ་འཛིན་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ སླབ་མིའི་ནང་ དེའི་དོན་ལུ་ འཕྲལ་མགྱོགས་ར་ ས་གོ་བཟོ་ནི་ཨིནམ་ལས་ ཚོགས་པའི་མཉམ་འབྲེལ་བ་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ སྡེ་ཚན་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
གཙོ་འཛིན་གྱིས་ སྡེ་ཚན་དེ་ནང་ གཞུང་འབྲེལ་གྱི་ ལོ་རྒྱུས་ཚུ་མ་གཏོགས་ དོན་མེད་ཀྱི་གཏམ་ཚུ་ སླབ་མ་ཆོག་པའི་སྐོར་ལས་ དྲན་ཚོར་འབད་ཡི།
ཁོ་གིས་བཤད་མིའི་ནང་ ཚོགས་པའི་འཐུས་མི་ ལོ་ན་རྒས་མི་སྡེ་ཚན་ཅིག་གིས་ ལོག་དོ་འགྲན་མི་འབད་ནི་ཨིན་རུང་ ཚོགས་པ་གིས་ ཁོང་ལས་ ཨ་རྟག་ར་ གྲོགས་རམ་ཚུ་ ལེན་འོང་ཟེར་བཤད་ཡོདཔ་ད་ གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པ་གིས་ ལོ་༤ གི་རིང་ ལོ་བསྟར་ཞལ་འཛོམས་ འགོ་འདྲེན་འཐབ་མ་ཚུགས་རུང་ ཚོགས་པའི་མཐུན་འབྲེལ་ཚུ་ ལེགས་ཤོམ་སྦེ་ར་ ཡོད་ཟེར་བཤད་ཅི།
གཙོ་འཛིན་གྱིས་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་བསྒང་ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ བུ་ལོན་དངུལ་ཀྲམ་ཐེར་འབུམ་༩༦ ཡོད་ས་ལས་ ད་ལྟོ་ དངུལ་ཀྲམ་ཐེར་འབུམ་༡༦༥ ལུ་ ལྷོད་དེ་ཡོད་ཟེར་བཤད་ཅི།
ཚོགས་པ་གིས་ མོས་མཐུན་གྱི་ཐོག་ལས་ ཨོ་རྒྱན་རྡོ་རྗེ་དེ་ ཡོངས་ཁྱབ་དྲུང་ཆེན་དང་ ཌོག་ཊར་ པདྨ་རྒྱ་མཚོ་ ཚོགས་པའི་གཙོ་འཛིན་ དེ་ལས་ ཨོ་རྒྱན་དབང་འདུས་དེ་ སྤྱི་ཚོགས་དང་འབྲེལ་བའི་ འགོ་ཁྲིདཔ་དང་ རྡོ་རྗེ་དབང་འདུས་དེ་ ཚོགས་པ་དང་འབྲེལ་བའི་མཉམ་འབྲེལ་པ་སྦེ་ ལོག་སྟེ་ བཙག་འཐུ་འབད་ཡོདཔ་ཨིན་པས།
མགར་སའི་མཉམ་འབྲེལ་བ་ ཀུན་ལེགས་དཔལ་འབྱོར་གྱིས་འབད་བ་ཅིན་ ཚོགས་པ་གིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ ཟད་འགྲོ་ཚུ་ག་དེ་སྦེ་ བཏང་ནི་ཨིན་ན་ཚུ་ཡང་ སེམས་ཁར་བཞག་དགོཔ་འདུག་ཟེར་བཤད་ཅི།
བཀྲིས་སྒང་གི་ ཚོགས་པའི་མཉམ་འབྲེལ་བ་ འགོ་པོ་གིས་ སླབ་མིའི་ནང་ ཚོགས་པའི་འགོ་ཁྲིདཔ་ཚུ་གིས་ རྫོང་ཁག་ནང་ལྟ་སྐོར་འབད་མི་དེ་གིས་ ཚོགས་པའི་རྒྱབ་སྐྱོར་འབད་མི་ཚུ་ལུ་ ཧེང་སྐལ་ར་ དམ་ཚིག་ཅན་བཟོ་ཚུགས་ཟེར་ བཤད་ཅི།
ཚོགས་པ་དེ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ རང་སོའི་ དངུལ་ཕོགས་ལས་ བརྒྱ་ཆ་༡༢ རེ་ བཏོགས་བཞག་མི་དེ་ལས་ ཡིག་ཚང་རྒྱུན་སྐྱོང་འབད་དེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *