སྤྱི་ཟླ་༡༡ པའི་ཚེས་༡༥ དང་༡༦ ལུ་ སྤ་རོ་ལུ་ ཉིན་གྲངས་༢ ཀྱི་རིང་ རྩ་སྐམ་ནད་རྩ་མེད་གཏང་ནིའི་ ཤར་ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ངོ་སྦྱོར་ལྷན་ཚོགས་ཀྱི་ ཞལ་འཛོམས་ནང་ རྒྱལ་ཁབ་༡༡ གི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ནུག།

འབྲུག་གིས་ རྩ་སྐམ་ནད་ བཀག་ཐབས་འབད་ཚུགས་པའི་ བློ་སྟོབས་ཡོདཔ།

༉ འབྲུག་པའི་ཨ་ལོ་ཚུ་གིས་ རྩ་སྐམ་ནད་ མི་འཐོབ་ནིའི་དོན་ལུ་ སྨན་ཁབ་ཚུ་ བཙུགས་ཏེ་ཡོདཔ་ལས་ ཕྱིའི་རྒྱལ་ཁབ་ལས་ ནད་གཞི་འོང་རུང་ འཐོབ་མི་ཚུགས་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ སྤ་རོ་ལུ་ རྩ་སྐམ་ནད་ རྩ་མེད་གཏང་ནིའི་ ཤར་ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ངོ་སྦྱོར་ལྷན་ཚོགས་ཀྱི་ ཞལ་འཛོམས་ཐེངས་༡༡ པ་ འགོ་འདྲེན་འཐབ་པའི་སྐབས་ གསོ་བ་ལྷན་ཁག་གིས་ ཀུན་གསལ་ལུ་ བརྗེ་སོར་འབད་མི་ ནད་གཞི་མེད་པའི་ སྤྱི་ལོ་༢༠༡༨ ཀྱི་ ལོ་བསྟར་སྙན་ཞུ་ནང་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ རྩ་སྐམ་ནད་ཀྱི་ སྨན་ཁབ་བཙུགས་མི་ བརྒྱ་ཆ་༩༧ དེ་ཅིག་ ཁྱབ་ཚུགས་ཏེ་ཡོད་རུང་ རྫོང་ཁག་༢༠ ལས་ མགར་ས་རྫོང་ཁག་ནང་ སྨན་ཁབ་བརྒྱ་ཆ་༧༠ ལས་བརྒལ་ ཁྱབ་མ་ཚུགས་མི་དེ་ཡང་ ལ་ཁ་མཐོ་སའི་ མི་ཚུ་ལུ་ སྨན་ཁབ་བཙུགས་པར་ ལྷོད་མ་ཚུགས་མི་ལུ་བརྟེན་ཨིན་པས།
རྒྱལ་ཁབ་ནང་ རྩ་སྐམ་སྨན་ཁབ་ཀྱི་ གདོང་ལེན་ཚུ་ཡང་ གནས་སྡུད་སྤུས་ཚད་ཅན་དང་ རྫོང་ཁག་གསོ་བའི་འགོ་དཔོན་དང་ རྒྱལ་ཡོངས་ལས་རིམ་གྱིས་ སྨན་ཁབ་ལག་ལེན་ནང་ ལྟ་རྟོག་འབད་མ་ཚུགས་མི་ དེ་ལས་ སྦྱོང་བརྡར་འབད་ནི་ལུ་ མ་དངུལ་ཚད་གཅིག་ལས་བརྒལ་མེད་པའི་ཁར་ ལས་སྣ་ཚུ་ ལྟ་རྟོག་འབད་མ་ཚུགས་པར་ཡོདཔ་ཨིན་པས།
རྩ་སྐམ་ནད་ དུས་ཚོད་ཁར་ ཤེས་ཚུགས་ནི་དང་ གདོང་ལེན་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་གིས་ ནད་གཞི་དར་ཁྱབ་ བརྟག་ཞིབ་དང་ དཔེ་ཚད་ལག་དེབ་ རྒྱལ་ཡོངས་རྩ་སྐམ་དར་ཁྱབ་གྲ་སྒྲིག་དང་ ངོས་ལེན་འཆར་གཞི་ཅིག་ཡང་ བཟོ་སྟེ་ཡོད་པའི་ཁར་ ངོས་ལེན་གྱི་དོན་ལུ་ འབྲེལ་བ་ཅན་ཚུ་ལུ་ ནད་གཞིའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དགོཔ་ཡོདཔ་ཨིན་པས།
འབྲུག་ལུ་ རྩ་སྐམ་ནད་སྨན་ཁབ་ཁྱབ་སྤེལ་དང་ སྨན་ཁབ་གནས་ཚད་དེ་ རྒྱལ་ཁབ་སོ་སོ་ལས་འབུ་མི་ རྩ་སྐམ་ནད་འབུབ་ཚུ་ བཀག་ཐབས་འབད་ཚུགས་པའི་ སྨན་ཡོད་རུང་ སྨན་ཁབ་མ་ལྷོད་པའི་ ས་གནས་ཚུ་ནང་ ལེགས་ཤོམ་སྦེ་ གོ་བ་བརྡ་སྤྲོད་འབད་དགོ་འདུག་ཟེར་ སྙན་ཞུ་ནང་བཀོད་ནུག།
ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ རྩ་སྐམ་ནད་ རྩ་མེད་གཏང་ནིའི་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ངོ་སྦྱོར་ལྷན་ཚོགས་ཀྱི་ ཞལ་འཛོམས་དེ་ ཁ་ཙ་ མཇུག་བསྡུ་ཡི།
ཞལ་འཛོམས་སྐབས་ རྩ་སྐམ་ནད་ རྩ་མེད་གཏང་ནིའི་ སྙན་ཞུ་ཚུ་ བསྐྱར་ཞིབ་འབད་ཡོདཔ་མ་ཚད་ ཞལ་འཛོམས་ཐེངས་༡༠ པའི་ རྒྱབ་སྣོན་ཚུ་ བསྐྱར་ཞིབ་འབད་ཡོདཔ་ད་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ ནད་གཞི་རྩ་མེད་ངོ་སྦྱོར་གནས་སྡུད་ཚུ་ འཛམ་གླིང་ངོ་སྦྱོར་ལྷན་ཚོགས་ནང་ དུས་མཐུན་བཟོ་ཡོདཔ་ཨིན་པས།
ཞལ་འཛོམས་ནང་ ཐའི་ལེནཌ་དང་ ནེ་པཱལ་ ཡུ་ཨེསི་ཨེ་ པ་ཀིསི་ཏཱན་ རྒྱ་གར་ ཨིན་ཌོ་ནེ་ཤི་ཡ་ བང་ལ་དེཤ་ མི་ཡཱན་མར་ ཤྲི་ལངྐ་ དེ་ལས་ འབྲུག་བརྩིས་ཏེ་ རྒྱལ་ཁབ་༡༡ གི་ འཐུས་མི་ཚུ་གིས་ བཅའ་མར་གཏོགས་ཅི།
གསོ་བའི་ལྷན་ཁག་གི་དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་ བཤད་མིའི་ནང་ འཛམ་གླིང་ནང་ མི་ལུ་ཤི་རྐྱེན་བྱུང་མི་ གཙོ་བོ་ར་ རྩ་སྐམ་ལུ་བརྟེན་ ཨིན་པའི་ཁར་ ཨ་ལོ་སྟོང་ཕྲག་ལས་བཅད་དེ་ དབང་པོ་སྐྱོན་ཅན་སྦེ་ སྐྱེལཝ་མས་ཟེར་ཨིན་པས།
སྤྱི་ལོ་༡༩༨༥ ལུ་ འཛམ་གླིང་ནང་ མི་༤༠༠,༠༠༠ དེ་ཅིག་ལུ་ རྩ་སྐམ་དང་འབྲེལ་བའི་ ནད་གཞི་ཐོབ་མི་ལས་ ད་རེས་ གྱངས་ཁ་དེ་༢༧ ལུ་ ལྷོད་དེ་འདུག་ཟེར་ཨིནམ་ད་ འབྲུག་ལུ་ རྩ་སྐམ་ནད་ཀྱི་ སྨན་ཁབ་བཙུགས་ནིའི་ ལས་རིམ་དེ་ཡང་ སྤྱི་ལོ་༡༩༧༩ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྩ་སྐམ་ནད་གཞི་མཇུག་ར་ སྤྱི་ལོ་༡༩༨༦ ལུ་ ཐོབ་ཡོད་པའི་ སྙན་ཞུ་ལྷོད་ཅི་ཟེར་ དྲུང་ཆེན་གྱིས་ བཤད་ཅི།
ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༤ ཟླ་༣ པའི་ནང་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་དང་གཅིག་ཁར་ འབྲུག་གིས་ རྩ་སྐམ་ནད་ རྩ་མེད་བཏང་པའི་ རྒྱལ་ཁབ་ཅིག་སྦེ་ ངོ་སྦྱོར་ལག་ཁྱེར་ཐོབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ཀྱི་ ཞལ་འཛོམས་ནང་ འདས་པའི་ལོ་༧ ནང་འཁོད་ལུ་ ག་ཅི་ར་ གྲུབ་འབྲས་བྱུང་ཡོད་པའི་སྐོར་ལས་ གནས་སྡུད་དང་ ལྕོགས་གྲུབ་ཚུ་ བསྐྱར་ཞིབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིནམ་ད་ འབྲུག་གིས་ ནད་གཞི་དེ་ རྩ་མེད་གཏང་ནི་ལུ་ ཁས་ལེན་འབད་དེ་ཡོད་ཟེར་ཨིན་པས།
ཤར་ལྷོ་ཨེ་ཤི་ཡ་་ལུང་ཕྱོགས་ངོ་སྦྱོར་ལྷན་ཚོགས་ཀྱི་ཁྲི་འཛིན་ ཌོག་ཊར་སུ་པ་མིཊ་ ཅུན་སི་ཊི་ ཝཱཊ་གིས་ འཛམ་གླིང་ནང་ རྩ་སྐམ་ནད་ རྩ་མེད་གཏང་ནི་དེ་ གལ་གནད་ཅན་ཅིག་ཨིན་ཟེར་ བཤད་པའི་ཁར་ ལུང་ཕྱོགས་༦ ལས་༤ ལུ་ ནད་གཞི་རྩ་མེད་ཀྱི་ གཟེངས་བསྟོད་ལག་ཁྱེར་ཚུ་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནད་གཞི་རྩ་མེད་ཀྱི་ ལག་ཁྱེར་ཐོབ་མི་ རྒྱལ་ཁབ་ག་ར་གིས་ གནས་སྡུད་ཚུ་ བཟོ་སྟེ་ཡོདཔ་བཞིན་དུ་ ཞལ་འཛོམས་དེ་གིས་ འཛམ་གླིང་གི་ གནས་ཚད་ནང་ ནད་གཞི་རྩ་མེད་གཏང་ནིའི་ ལས་རིམ་ཚུ་ བསྐྱར་ཞིབ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཨིན་རུང་ འབྲུག་གིས་ གལ་སྲིད་ ནད་གཞི་དེ་ ལོག་ཐོན་པ་ཅིན་ ཉེན་སྲུང་གི་ བརྟག་ཞིབ་ཚུ་ མ་འབད་བར་ཡོདཔ་ཨིན་པས།
ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ངོ་སྦྱོར་ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ནད་གཞི་རྩ་མེད་བཏང་པའི་ གྲུབ་འབྲས་ལེགས་ཐོན་བྱུང་རུང་ རྩ་སྐམ་དར་ཁྱབ་འགྱོ་བའི་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༨ ལུ་ ནད་འབུབ་དེ་ དར་ཁྱབ་སོང་སྟེ་འདུག་ཟེར་ཨིན་པས།
དུས་ཅི་ ཟླ་༡༠ པའི་ཚེས་༡༦ ལུ་ རྒྱལ་ཁབ་༥ ནང་ སྨན་ཁབ་ལུ་བརྟེན་ རྩ་སྐམ་དང་འབྲེལ་བའི་ གནད་དོན་༦༨ ཐོན་ཡོད་པའི་ སྙན་ཞུ་ཐོན་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ རྒྱལ་ཁབ་༡༡ ཡོད་མིའི་ནང་ འཛམ་གླིང་གི་ མི་རློབས་བརྒྱ་ཆ་༢༥ དེ་ཅིག་ཡོདཔ་བཞིན་དུ་ རྒྱལ་ཁབ་ཚུ་གིས་ སྤྱི་ལོ་༢༠༡༤ ལུ་ རྩ་སྐམ་རྩ་མེད་ཀྱི་ ངོ་སྦྱོར་ལག་ཁྱེར་ཐོབ་ཡོད་པའི་གནས་ཚུལ།

སྤ་རོ་ལས་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *