འབྲུག་གིས་ མི་སྟོབས་འཛིན་སྐྱོང་མཉེན་ཆས་ཞབས་ཏོག་གི་ ཕན་ཁྱད།

༉ མི་སྟོབས་འཛིན་སྐྱོང་རིམ་ལུགས་ཞབས་ཏོག་དེ་ འབྲུག་གི་ བརྡ་དོན་འཕྲུལ་རིག་མཁས་མཆོག་ཅིག་གིས་ གཞི་བཙུགས་འབད་མི་ལུ་བརྟེན་ ནང་འཁོད་དང་ རྒྱལ་སྤྱིའི་ཁྲོམ་ཚོགས་ཚུ་ནང་ ཁེ་ཕན་སྤྱོད་ཚུགས་ནི་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ ཟི་ལོསི་སྒེར་སྡེ་གིས་ གཞི་བཙུགས་འབད་མི་ ལམ་ལུགས་དེ་ ནང་འཁོད་ལས་སྡེ་༡༠ དང་ རྒྱལ་སྤྱི་ ཨ་ཕི་རི་ཀ་ལུ་ཡོད་པའི་ ཀེན་ཡ་ཚོང་ལས་ཀྱིས་ བསྟར་སྤྱོད་འབད་ཡོདཔ་ཨིན་པས།

མི་སྟོབས་ཞབས་ཏོག་གིས་ མི་སྟོབས་ཀྱི་ ཞབས་ཏོག་བྱིན་མི་ཚུ་ཡང་ ལས་གཡོགཔ་གི་ལོ་རྒྱུས་དང་ དངུལ་ཕོགས་འཐོབ་མིའི་ཐོ་དང་ ཐོ་བཀོད་ རྒྱུན་འགྲུལ་དང་ཟད་འཐུས་ ངལ་གསོ་དང་ དུས་ཐེབས་འཛིན་སྐྱོང་ ལས་འགུལ་ཞག་དུས་ དེ་ལས་ དབྱེ་ཞིབ་འཛིན་སྐྱོང་འབད་མི་ཚུ་ཨིན་པས།

དེ་བཟུམ་སྦེ་ མི་སྟོབས་ལག་ལེན་དང་ གྲུབ་འབྲས་བརྡ་སྟོན་ལུ་ གཞི་བཞག་སྟེ་ སྙན་ཞུ་ཚུ་ཡང་ གསལ་སྟོན་འབད་དོ་ཡོདཔ་ཨིན་པས།

ལོ་རྒྱུས་གཞན་མི་དེ་ ལས་སྡེ་གི་ དགོས་མཁོ་དང་འཁྲིལ་ མཉེན་ཆས་གཞི་བཙུགས་འབད་དོ་ཡོདཔ་ད་ དཔྱེ་འབད་བ་ཅིན་ འབྲུག་གི་ ཁྲལ་བཏབ་ནིའི་རིམ་ལུགས་དེ་ ནང་འཁོད་ལས་སྡེ་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

སྡེ་ཚན་འགོ་ཁྲིད་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ རིམ་ལུགས་དེ་གིས་ མི་སྟོབས་འཛིན་སྐྱོང་གི་དགོས་མཁོ་དང་ ཟད་འགྲོ་མར་ཕབ་འབད་དོ་ཡོདཔ་ད་ གཞན་འབད་བ་ཅིན་ གློག་རིག་གི་ཅ་ཆས་ཚུ་ ལཱ་ཁག་སྦེ་ ལག་ལེན་འཐབ་དགོཔ་བྱུང་ཡོདཔ་ཨིན་པས།

དེ་འབདཝ་ལས་ འགྲུལ་འཕྲིན་མོ་བཱ་ཡལ་ནང་ཡང་ མཉེན་ཆས་རིམ་ལུགས་དགོས་མཁོ་གི་དོན་ལུ་ ཞུ་ཡིག་བཙུགས་མི་ཡོདཔ་སྦེ་ཨིན་པས།

བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མི་སྟོབས་ཞབས་ཏོག་དེ་ ཨང་རྟགས་ཐོག་ལས་ ལས་སྡེ་གི་ མི་སྟོབས་ལས་ཁུངས་ནང་ ལག་ལེན་འཐབ་ཡོདཔ་མ་ཚད་ ལས་གཡོགཔ་གི་གཡོག་བཙུགས་དང་ དངུལ་ཕོགས་ དེ་ལས་ དགོངས་ཞུ་འབདཝ་ད་ འཐོབ་ཐངས་རིམ་པ་ཚུ་ཡང་ ཐོ་བཀོད་འབད་ཚུགས་པས་ཟེར་ཨིན་པས།

རིམ་ལུགས་དེ་གིས་ ལཱ་འབད་ནིའི་ནང་ དོན་སྨིན་ཅན་དང་ གྲུབ་འབྲས་ཅན་ཅིག་སྦེ་ འཐོན་ཚུགས་པས་ཟེར་ བཀྲིས་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།

མི་སྟོབས་ཞབས་ཏོག་རིམ་ལུགས་ ཡར་དྲག་གཏང་ནིའི་དོན་ལུ་ ལས་སྡེ་གིས་ བང་ལ་དེཤ་གི་ ལས་སྡེ་ཅིག་དང་ མཉམ་འབྲེལ་ཐོག་ལས་ ལཱ་འབད་བའི་བསྒང་ཡོད་ཟེར་ སྡེ་ཚན་གྱི་འགོ་ཁྲིདཔ་གིས་ སླབ་ཨིན་པས།

ཞི་ལོསི་རིམ་ལུགས་དེ་ དུས་ཅི་ བང་ལ་དེཤ་ལུ་ གཞི་བཙུགས་འབད་ཡོདཔ་ད་ བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཤུལ་མམ་གི་ཟླཝ་ནང་ ཌུ་བའེ་ལུ་ མི་སྟོབས་འཛིན་སྐྱོང་ཞབས་ཏོག་ གཞི་བཙུགས་འབད་བར་ འགྱོ་དོ་ཟེར་ཨིན་པས།

དེ་ཁར་ གོང་འཕེལ་གཏང་ནིའི་ གོ་སྐབས་ལེ་ཤ་ཡོདཔ་མ་ཚད་ བརྡ་དོན་འཕྲུལ་རིག་ཐོག་ལས་ གཡོག་བཀལ་ནིའི་གོ་སྐབས་ སྡེ་ཚན་གྱིས་ རྩ་འགེངས་ནི་དང་ ལྕོགས་གྲུབ་ལུ་ རག་ལས་དགོ་པས་ཟེར་ཨིན་པས།

བཀྲིས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ ཟི་ལོསི་རིམ་ལུགས་གུ་ གཡོག་བཀལ་མ་བཏུབ་རུང་ འཕྲུལ་རིག་གི་ཞབས་ཏོག་ཚུ་ འཐོབ་ཚུགས་ཟེར་ཨིན་པས།

ལས་སྡེ་གིས་ ཡོངས་འབྲེལ་ཐོག་ལས་ ཚོང་རྐྱབ་ཚུགས་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *