འབྲུག་གིས་ གློག་མེ་ཕྱིར་བཙོང་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༠ བཟོ་ཡོདཔ།

༉ དུས་ཅི་སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ ལག་ལེན་ཐོག་ཡོད་མི་ རྒྱལ་ཁབ་ཀྱི་ གློག་མེ་འཕྲུལ་ཁང་༥ གིས་ གློག་ཤུགས་ཡུ་ནིཊ་ ཐེར་འབུམ་༦.༣ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གནས་སྡུད་ནང་ གསལ་བཀོད་འབད་ནུག།
ཐོན་སྐྱེད་ཡོངས་བསྡོམས་ལས་ མཐོ་ཤོས་ར་ གློག་མེ་འཕྲུལ་ཁང་སྦོམ་ཤོས་ཨིན་མི་ དར་ལ་གློག་མེ་འཕྲུལ་ཁང་གིས་ གློག་ཤུགས་ཡུ་ནིཊ་ཐེར་འབུམ་༣.༨ ཐོན་སྐྱེད་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ར་ ཆུ་ཁ་གློག་མེ་འཕྲུལ་ཁང་གིས་ ཐེར་འབུམ་༡.༥ དང་ ཀུར་རི་ཆུ་ བ་སོ་ཆུ་ དེ་ལས་ དར་དཀར་གློག་མེ་འཕྲུལ་ཁང་༣ བསྡོམས་ཏེ་ གློག་ཤུགས་ཡུ་ནིཊ་ ས་ཡ་༩༣༦.༥ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
དངུལ་འབྲེལ་གྱི་ འོང་འབབ་ལུ་ རྩིས་རྐྱབ་པ་ཅིན་ དུས་ཅི་སྤྱི་ཟླ་༡༠ པ་ཚུན་ཚོད་ གློག་མེ་ཕྱིར་ཚོང་འཐབ་མི་ལས་ དངུལ་ཀྲམ་ཐེར་འབུམ་༡༠ དེ་ཅིག་ འོང་འབབ་ཐོབ་ཡོདཔ་ད་ ནང་འཁོད་ལས་ དངུལ་ཀྲམ་ཐེར་འབུམ་༣.༧ དེ་ཅིག་ ཐོབ་ནུག་ཟེར་ཨིན་པས།
གློག་མེའི་ཐོན་ཤུགས་མཐོ་ཤོས་ར་ སྤྱི་ཟླ་༨ པའི་ནང་ ཡུ་ནིཊ་ཐེར་འབུམ་༡.༢༥ དང་ དེ་གི་ཤུལ་ལས་ སྤྱི་ཟླ་༧ པའི་ནང་ ཡུ་ནིཊ་འཐེར་འབུམ་༡.༢༤ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ གློག་མེ་འཕྲུལ་ཁང་ག་ར་བསྡོམས་ཏེ་ གློག་མེ་ནུས་ཤུགས་ ཡུ་ནིཊ་ཐེར་འབུམ་༧.༢༥ དང་ སྤྱི་ལོ་༢༠༡༦ ལུ་ ཡུ་ནིཊ་ཐེར་འབུམ་༧.༥༧ ལས་བརྒལ་ ཐོན་སྐྱེད་འབད་མ་ཚུགས་མི་དེ་ཡང་ ཝང་ཆུའི་ཆུའི་འབོར་ཚད་ རྒྱ་ཆེཝ་མེད་ནི་དེ་གིསཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༦ ལུ་ དར་ལ་གློག་མེ་འཕྲུལ་ཁང་ལུ་ཡང་ སྟབས་མ་བདེཝ་ཐོན་ཡོད་མི་དེ་ཡང་ དཔེར་ན་ གློག་འཕྲུལ་༢ ལུ་ འཕྲུལ་རིག་དང་འབྲེལ་བའི་ དཀའ་ངལ་བྱུང་ཡོདཔ་ལས་ གློག་འཕྲུལ་༡ སྤྱི་ལོ་༢༠༡༧ ཟླ་༥ པའི་ནང་རྐྱངམ་གཅིག་ ལག་ལེན་ལོག་འགོ་བཙུགས་ཡོདཔ་ཨིན་པས།
རྩིབ་བྱག་ལུངམ་རོང་ཆུ་དེ་ སྤྱི་ལོ་༢༠༡༤ ཟླ་༦ པའི་ནང་ དར་ལ་འཕྲུལ་ཁང་གི་ ཆུ་རྫིང་ནང་ ཁ་བསྒྱུར་བཏང་མི་དེ་གིས་ དར་ལ་གློག་མེ་འཕྲུལ་ཁང་གི་ གློག་མེ་ཡུ་ནིཊ་ས་ཡ་༩༣ ཐོན་དགོཔ་ཨིན་རུང་ ཝང་ཆུ་གཙང་ཆུ་དེ་ཅིག་ར་ མ་བབས་ནི་དེ་གིས་ ནུས་ཚད་ཧྲིལ་པོར་ གཡོག་བཀོལ་མ་ཚུགས་པས།
རྒྱལ་ཁབ་ནང་ གློག་ཤུགས་མངམ་ འཐོན་དགོ་པ་ཅིན་ གཙོ་བོ་ར་ ཆུ་དང་འཕྲུལ་ཁང་ལུ་ རག་ལས་དགོཔ་བཞིན་དུ་ སྤྱི་ལོ་༢༠༡༦ ལུ་ ཡུ་ནིཊ་ཐེར་འབུམ་༢.༠༨ ཐོན་སྐྱེད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཡུ་ནིཊ་ཐེར་འབུམ་༢.༣༢ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ རྐྱངམ་གཅིག་ནང་ར་ ནང་འཁོད་གློག་མེ་སྤྱོད་མི་༧,༩༧༩ གློག་མེ་ཚད་སྤེལ་གུ་ ཁ་སྐོང་བཀལ་ཡོདཔ་ད་ དེ་ཡང་ གྲོང་གསེབ་ནང་ གློག་མེ་བཀྲམ་སྤེལ་གྱི་ལཱ་ བརྒྱ་ཆ་༨.༨ དེ་ཅིག་འབད་ཚར་ནི་དེ་གིས་ཨིནམ་བཞིན་དུ་ གྲོང་གསེབ་ཀྱི་ གློག་མེ་བཀྲམ་སྤེལ་ མངམ་འབད་མི་དང་བསྟུན་ གློག་མེ་ལག་ལེན་འཐབ་མི་ཡང་ ཡང་སེར་འགྱོ་ནིའི་ རེ་བ་བསྐྱེདཔ་ཨིན་པས།
གྲོང་གསེབ་ནང་ གློག་མེ་བཀྲམ་སྤེལ་འབད་མི་དང་ མི་ཚུ་གིས་ དང་ཕུའི་དུས་ལུ་ ལག་ལེན་འཐབ་མི་ ནུས་ཤུགས་ལས་ དེང་སང་གློག་མེའི་ མཐུན་རྐྱེན་སྤྱོད་མི་ ཡར་སེང་འགྱོ་ནི་དེ་གིས་ དུས་ཅི་ གློག་མེ་ལག་ལེན་འཐབ་མི་ ཡར་སེང་སོང་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་གསརཔ་རྐྱབ་ནི་ འགོ་བཙུགས་མི་དང་ བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས་འབད་མི་ མངམ་ཐོན་མི་ལུ་བརྟེན་ཨིན་པས།
རྒྱལ་ཁབ་ནང་འཁོད་ གློག་མེ་ལག་ལེན་འཐབ་མི་ ཡར་སེང་འགྱོ་བ་ཅིན་ འོང་འབབ་ལུ་ ཐོ་ཕོག་ཉེན་ཡོད་མི་དེ་ཡང་ ནང་འཁོད་དང་ ཕྱིར་ཚོང་གི་ སྤྱོད་འཐུས་ལུ་ ཁྱད་པར་ཡོད་མི་ལུ་བརྟེན་ཨིན་ཟེར་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱིས་ སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *