སྤྱི་ཟླ་༧ པའི་ཚེས་༢༩ ལུ་ ཐིམ་ཕུག་མུ་ཏིག་ཐང་ རྒྱལ་འཛིན་འབྲོང་གྱིམ་ཙེ་ཉམས་སྲུང་ས་ཁོངས་ནང་སྦེ་ འཛམ་གླིང་གཅན་གཟན་སྟག་གི་ ཉིནམ་བརྩི་སྲུང་འབདཝ་དང་འབྲེལ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་དང་ འཛམ་གླིང་རི་དྭགས་སྲུང་སྐྱོབ་མ་དངུལ་གྱིས་ འབྲུག་ལུ་ དབང་ཕྱུག་བརྒྱ་འཁོར་རྒྱལ་ཡོངས་གླིང་ཁ་དང་ འཇིགས་མེད་སེངྒེ་དབང་ཕྱུག་ རྒྱལ་ཡོངས་གླིང་ཁ་མཐུད་སྦྲེལ་འབད་མི་ རི་དྭགས་སེམས་ཅན་གྱི་ བར་ཁྱམས་གལ་གནད་ཅན་ཅིག་ཨིན་མིའི་ནང་ གསང་བའི་ཐོག་ལས་ པར་ཆས་བཙུགས་བཞག་པའི་སྐབས་ བཟུང་བཞག་མི་ གཅན་གཟན་སྟག་གི་པར་གཟུགས་ གསར་བཏོན་འབད་ནུག།
གཅན་གཟན་སྟག་དེ་ འབྲུག་གི་སའི་མཐོ་ཚད་ཕིཊ་༡༡,༧༣༣ འབད་མིའི་ ས་ཁོངས་ནང་ བཀལ་བཞག་ཡོད་པའི་ པར་ཆས་ནང་ བཟུང་ཡོད་པའི་གནས་ཚུལ།