འབྲུག་གི་བརྡ་བརྒྱུད་མཐུན་ཚོགས་ཀྱི་གཙོ་འཛིན་ ལོག་བསྐོ་བཞག་འབད་ཡོདཔ།

༉ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་བཀོད་ཚོགས་ཀྱིས་ ཀུན་གསལ་གྱི་ རྫོང་ཁ་རྩོམ་སྒྲིག་འགོ་དཔོན་ རིག་འཛིན་དབང་ཕྱུག་དེ་ མཐུན་ཚོགས་ཀྱི་ གཙོ་འཛིན་གནས་ཡུན་ཐེངས་༢ པ་ ལོག་བསྐོ་བཞག་འབད་ཡི་ཟེར་ མཐུན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
གནས་ཡུན་དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡ ལས་ འགོ་བཙུགས་ཡོདཔ་ད་ རིག་འཛིན་དབང་ཕྱུད་དེ་ རྒྱལ་ཁབ་ནང་ བརྡ་བརྒྱུདཔ་གོངམ་ཅིག་ཨིནམ་ད་ ཁོ་གིས་ མཐུན་ཚོགས་ཡུན་བརྟན་གནས་ཐབས་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ནི་དང་ མ་དངུལ་བྱིན་མི་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་བཟོ་ནི་ལུ་ ལྷན་ཐབས་འབདཝ་ཨིན་པས།
མཐུན་ཚོགས་དེ་ འབྲུག་གི་བརྡ་བརྒྱུད་དོན་ལུ་ ཚོགས་སྡེ་ཅིག་ཨིནམ་བཞིན་དུ་ སྤྱི་ལོ་༢༠༡༤ ལུ་ རང་དབང་གི་ ཞི་བའི་ལས་ཚོགས་ཅིག་སྦེ་ ཐོ་བཀོད་གྲུབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *