ཨེཕ་ཕོར་ཨེཕ་ཟེར་མི་ འཛམ་གླིང་མཐུན་འབྲེལ་རྩེད་འགྲན་ནང་ རྒྱལ་ཁ་ཐོབ་མི་ ཅིམ་པཱན་ཟ་སྡེ་ཚན།

འབྲུག་གི་ན་གཞོན་ངོ་ཚབ་ཀྱི་ སྡེ་ཚན་ཕམ་སོ་རུང་ བལྟ་རྒྱ་མཐོང་རྒྱ་ལེགས་ཤོམ་ཐོབ་ཡོདཔ།

༉ ར་ཤི་ཡའི་རྒྱལ་ས་ མོསོ་ཀོ་ལུ་ རྒྱལ་སྤྱི་མཐུན་འབྲེལ་ལས་རིམ་ནང་ ར་ཤི་ཡ་དང་ རྒྱལ་ཁབ་༢༡༡ ལས་ ན་གཞོན་ངོ་ཚབ་ཚུ་དང་གཅིག་ཁར་ ཉིན་གྲངས་༣ གྱི་རིང་ སྦྱོང་བརྡར་འབད་བའི་ཤུལ་ལས་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ སབ་སཱན་ ཨ་རི་ན་ཟེར་སར་ འཛམ་གླིང་ཕུཊ་བཱོལ་མཐུན་འབྲེལ་རྩེད་འགྲན་ནང་ འབྲུག་གི་ངོ་ཚབ་ བསོད་ནམས་རིག་འཛིན་གྱིས་ བཱོལ་བཟུང་མི་སྦེ་ རྩེད་འགྲན་འབད་ཡོདཔ་ཨིན་པས།
རྩེད་འགྲན་དེ་ནང་ ཨེཕ་ཕོར་ཨེཕ་ཟེར་མི་ འཛམ་གླིང་མཐུན་འབྲེལ་རྩེད་འགྲན་དེ་ནང་ དོ་འགྲན་འབད་མི་ འཛམ་གླིང་རྒྱལ་ཁབ་ལས་ ན་གཞོན་རྩེད་འགྲན་པ་ཚུ་གི་ སྡེ་ཚན་༣༢ ཀྱིས་ བཅའ་མར་གཏོགས་ནུག།
བསོད་ནམས་རིག་འཛིན་གྱི་སྡེ་ཚན་ ཀིང་ཀོབ་ར་ཟེར་མི་དེ་ནང་ ནི་དར་ལེནསི་དང་ ཇི་བུ་ཊི་ གུའམ་ ན་མི་བི་ཡ་རྒྱལ་ཁབ་ཚུ་ལས་ ན་གཞོན་རྩེད་འགྲན་པ་ཚུ་ཡོདཔ་ད་ ཀིང་ཀོབ་ར་སྡེ་ཚན་དེ་ སྡེ་ཚན་ག་པ་ནང་ ཚུད་ཡོདཔ་ཨིན་པས།
ཀིང་ཀོབ་ར་སྡེ་ཚན་དེ་ ཨཱཕ་རི་ཀའི་ སྤྱ་རིགས་ཅིག་ལུ་ གཞི་བཞག་སྟེ་ མིང་བཏགས་མི་ ཅིམ་པཱན་ཟི་གིས་ གཱོལ་༢ བཙུགས་ཏེ་ མཐར་འཁྱོལ་སྐོར་ཐེངས་ནང་ ཕམ་བཏང་ཡོདཔ་ད་ ཅིམ་པཱན་ཟི་སྡེ་ཚན་ནང་ ཌོ་མི་ནི་ཀ་དང་ མ་ལ་ཝི་ ཀོ་ལོམ་བི་ཡ་ བེ་ནིན་ ཀོང་གོ་རྒྱལ་ཁབ་ཚུ་ལས་ རྩེད་འགྲན་པ་ཚུ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ཅིམ་པཱན་ཟི་དང་ ཀོ་མོ་ཌོ་ ཌའི་གཱོནསི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་འགྲན་བསྡུར་སྐབས་ བསོད་ནམས་རིག་འཛིན་གྱིས་ འབྲུག་གི་རྒྱལ་དར་འབག་སྟེ་ རྩེད་ཐང་ནང་ སོང་པའི་ཤུལ་ལུ་ རྩེད་འགྲན་འགོ་བཙུགས་ཡོདཔ་བཞིན་དུ་ ཅིམ་པཱན་ཟི་སྡེ་ཚན་གྱིས་ འཛམ་གླིང་ཕུཊ་བཱོལ་རྩེད་འགྲན་༢༠༡༨ ཀྱི་ རྒྱལ་རྟགས་ཐོབ་ནུག།
རྒྱལ་སྤྱི་ཨ་ལོའི་ མི་སྡེ་ལས་རིམ་ཐེངས་༦ པའི་ནང་ རྩེད་འགྲན་པ་ན་གཞོན་དང་ བརྡ་བརྒྱུདཔ་ན་གཞོན་ཚུ་ ད་རེས་འགོ་དང་པ་ སྤུངས་འཛོམས་འབད་མི་དེ་ཡང་ ཕུཊ་བཱོལ་རྩེད་འགྲན་ཐོག་ལས་ ཞི་བདེ་དང་ དད་མོས་ རྒྱལ་ཁ་ གོམས་གཤིས་ལ་སོགས་པའི་ བརྩི་མཐོང་གལ་ཅན་ཚུ་ ལྷབ་སྦྱང་འབད་ཐབས་ལུ་ཨིན་པས།
འཛམ་གླིང་རྩེད་འགྲན་ལས་རིམ་དེ་ འཛམ་གླིང་རྒྱལ་སྤྱི་ཕུཊ་བཱོལ་ཚོགས་སྡེ་ ཕི་ཕ་དང་ ར་ཤི་ཡ་ལུ་ སྤྱི་ལོ་༢༠༡༨ ཀྱི་ འཛམ་གླིང་རྒྱལ་རྟགས་འགོ་འདྲེན་འཐབ་མིའི་ གཞུང་འབྲེལ་མཉམ་འབྲེལ་པ་ གཱཟ་པོ་རོམ་ཚོང་སྡེ་གིས་ འགོ་འདྲེན་འཐབ་ཡོད་མི་དེ་ནང་ དབང་པོ་ལུ་ཐོ་ཕོག་མི་ ཨ་ལོ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ རྒྱལ་རྟགས་ཀྱི་དོན་ལུ་ བརྩི་མཐོང་༩ ལུ་ ཁས་ལེན་སྦོམ་ཡོད་མི་ལུ་ དམིགས་བསལ་གྱི་ རྟགས་མ་ཅིག་ཡང་ བྱིན་ཡོདཔ་ད་ དུས་ཅིའི་རྟགས་མ་དེ་ རྒྱལ་སྤྱི་ཨ་ལོའི་གྲོས་གནས་ནང་ བཱ་ར་ཛིལ་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་ལུ་ བྱིན་ཡོདཔ་ཨིན་པས།
རྒྱལ་སྤྱི་ཨ་ལོའི་གྲོས་གནས་ནང་ འབྲུག་གི་ངོ་ཚབ་སྦེ་ བཅའ་མར་གཏོགས་མི་ ཀུན་ལེགས་བདེ་སྐྱིད་ཀྱིས་ ལས་རིམ་དེ་ ཨེཕ་ཕོར་ཨེཕ་གི་བརྩི་མཐོང་༩ ལྷབ་ནི་གི་ གོ་སྐབས་ཐོབ་མི་དེ་ཡང་ མཐུན་འབྲེལ་དང་ འདྲ་མཉམ་ རྣམ་དག་ཅན་ གཟུགས་ཁམས་འཕྲོ་བསྟེན་ ཞི་བདེ་ དད་གུས་ རྒྱལ་ཁ་ གོམས་གཤིས་ གཟེངས་བསྟོད་ཚུ་ ཉིན་བསྟར་བཞིན་དུ་ ལག་ལེན་འཐབ་ནིའི་སྐོར་ ལྷབ་ཚུགས་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ བརྡ་བརྒྱུདཔ་ན་གཞོན་ཅིག་སྦེ་ འབྲེལ་གཏོགས་ཐོག་ ཕུཊ་བཱོལ་སྐོར་ལས་ མཐུན་འབྲེལ་གསར་ཤོག་ནང་ གནས་ཚུལ་འབྲི་ནིའི་ གོ་སྐབས་བཟང་པོ་ཅིག་ ཐོབ་ཡོདཔ་བཞིན་དུ་ ལས་རིམ་དེ་ནང་ སྤྲོ་བ་སྦོམ་བྱུང་ཡོདཔ་མ་ཚད་ འབྲུག་གི་ལམ་སྲོལ་སྐོར་ གསལ་སྟོན་འབད་ནི་གི་ གོ་སྐབས་ཡང་ ལེགས་ཤོམ་ཅིག་ ཐོབ་ཅི་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *